དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་བྱས་ཚུལ་གྱི་སྤེལ་རེས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-20

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་བྱས་ཚུལ་གྱི་སྤེལ་རེས་ཚོགས་འདུ་གཙོ་སྐྱོང་གནང་ནས། བརྟག་དཔྱད་ཞིབ་འཇུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་ཕྱོགས་གསལ་བཟོ་དང་། གནད་དོན་འཚོལ་བ། ཁ་ཕྱོགས་གསལ་སྟོན། བྱ་ཐབས་ཏན་ཏིག་བཅས་སྔར་ལས་ལྷག་པ་ཡོང་བར་བྱེད་པ་དང་མདོ་གནད་དང་། དཀའ་གནད། འགག་གནད་བཅས་ཀྱི་གནད་དོན་ཁག་གཅིག་ལ་གཅིག་སྡུད་ཐོག་ཞིབ་འཇུག་བྱས་ཏེ་བརྟག་ཞིབ་བྱས་འབྲས་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་པ་རེད།

    ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་ཚན་ཁག་གི་ཁོངས་མིས་ཞིབ་འཇུག་བྱ་གཞི་ངོས་འཛིན་རྩིས་ལེན་ལ་དམིགས་ཏེ་ས་གནས་ཁག་ཏུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་རེད།

    བརྟག་ཞིབ་བྱེད་རིང་ཚང་མའི་སྤེལ་རེས་གཏམ་བཤད་གསན་རྗེས་ཡན་ཅིན་ཧའེ་ཡིས། བརྟག་དཔྱད་ཞིབ་འཇུག་གི་རྩ་བའི་དམིགས་ཡུལ་ནི་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ལག་ལེན་ལས་ར་འཕྲོད་བྱུང་བའི་གོ་ཆོད་ཀྱི་ཉམས་མྱོང་གསར་པ་དང་བྱེད་སྟངས་གསར་པ་ལམ་ལུགས་སུ་འགྱུར་བ་བྱས་ཏེ་བརྟན་པོ་ཡོང་བ་དང་ཕྱོགས་སྡོམ་ཁྱབ་གདལ་གཏོང་དགོས། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱེད་དགོས་པའི་བརྟག་ཞིབ་ཀྱི་གྲོས་འགོ་འཐུས་ཚང་བྱུང་རིམ་བཞིན་དོན་འཁྱོལ་བྱེད་དགོས། བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དེ་སྤྱི་ཡོངས་རང་བཞིན་དང་བྱེ་བྲག་རང་བཞིན་ལ་དབྱེ་ནས་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ་གནད་དོན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། ལས་འགན་གྱི་གསལ་ཐོ་བཅས་བཟོས་ནས་གནད་དོན་ཐག་གཅོད་མ་ཐུབ་བར་ལྷོད་གཡེང་གཏན་ནས་མི་གཏོང་བ་དང་། ཐག་གཅོད་མཐར་ཕྱིན་མ་ཐུབ་བར་མཚམས་གཏན་ནས་འཇོག་རྒྱུ་མེད་ཅེས་གསུངས་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བའི་ཐད་ཡན་ཅིན་ཧའེ་ཡིས། གཅིག་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་བས་གཏིང་ཟབ་ཏུ་བཏང་སྟེ་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱེད་པ་དང་། རང་ངོས་ཀྱི་ལས་གནས་ལ་གཞི་ཚུགས་པ། ཟབ་སྦྱོང་ཞིབ་བསྡུར་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་ཁྲོད་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གོ་རྟོགས་ཀྱི་གནས་ཚད་མཐོ་རུ་གཏོང་བ། ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ། བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་བརྟག་དཔྱད་ཞིབ་འཇུག་ལ་དེ་བས་ཤུགས་སྣོན་བརྒྱབ་སྟེ་མུ་མཐུད་ལུས་ཚུགས་པ་དང་གཞི་རིམ་དུ་སེམས་གནས་པ་དང་། བརྟག་དཔྱད་ཞིབ་འཇུག་དང་ཆུང་རྩད་ཆེ་ཤེས་ཐུབ་པར་བྱས་ཏེ“གཏན་འཁེལ་ལམ་ཕྱོགས”

    དགོས་ལ། “རང་འདེམས་བྱ་སྤྱོད”ཀྱང་སྤེལ་ནས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”བརྟག་དཔྱད་ཞིབ་འཇུག་གི་རྒྱུན་རྣམ་ལ་འགྱུར་བར་བྱེད་དགོས་པ་དང་ཆབས་ཅིག་བརྟག་དཔྱད་ཞིབ་འཇུག་ཁྲོད་ནས་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་གོ་བ་ལེན་ཤུགས་སྔར་བས་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱེད་པ་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དབར་བརྩེ་དུང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་དང་། འགན་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བའི་བརྒྱུད་རིམ་ལ་འགྱུར་བ་བྱེད་དགོས། གསུམ་ནས་འཚོལ་བཤེར་དག་ཐེར་ལ་དེ་བས་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་བྱེད་ཞོར་དུ་ཞིབ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་བྱས་ནས། ཤེས་རྟོགས་བྱུང་བའི་གནད་དོན་དམ་པོར་བཟུང་བ་དང་བྱ་སྤྱོད་དངོས་སྤེལ་ཏེ། དག་ཐེར་བྱས་པ་གནད་ལ་འཁེལ་པོ་ཡོང་བའི་འགན་ལེན་བྱས་ཏེ་ཐག་གཅོད་འགྱངས་པ་དང་འདི་བྱས་འདི་ཡིན་མེད་པར་འཇོག་རྒྱུ་གཏན་འགོག་བྱེད་དགོས། བཞི་ནས་ལས་འགན་སྒྲུབ་སེམས་དེ་བས་ཆེ་རུ་བཏང་སྟེ“དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བླང་བྱ་གཞིར་བཟུང་ཞན་ཆ་དང་སྐྱོན་ཆ་འཚོལ་བ་དང་། ཐབས་ཤེས་ཡག་པོ་འཚོལ་བ། གང་མགྱོགས་དོན་འཁྱོལ་གནད་སྨིན་ཡོང་བར་བྱེད་པ། ལོ་འཁོར་མོའི་དམིགས་ཚད་ལས་འགན་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་གཞིགས་ནས་འགན་འཁྲི་ཁག་བགོས་བྱེད་པ། དམིགས་ཚད་ལ་དམ་པོར་དམིགས་ནས་དངོས་འཛིན་དངོས་སྒྲུབ་བྱེད་པ། “ལས་སྒྲུབ་རུ་དཔོན”ཡག་པོ་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་ལོ་འཁོར་མོར“དུས་ཚོད་ཇི་ཙམ་ཕྱིན་ན་ལས་འགན་དེ་ཙམ་གྱིས་སྒྲུབ་ཚར་བའི”བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།