དབུ་ཤོག>ཆེད་སྒྲིག
  • ཝང་ཅུན་ཀྲེང་གིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-19

    73a2d8b0-5fde-41e6-a495-122ab988ceeb.jpg.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་གྲྭའི་སློབ་ཁྲིད་དོ་དམ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ལས་ཞུགས་ལས་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ● ཁྱད་ལྡན་ལེགས་ཆ་མངོན་པ་དང་སློབ་གཉེར་ཆུ་ཚད་མཐོ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཧུར་ཐག་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མི་ཉུང་སྟབས་བདེའི་སྒོ་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཕེབས་ཏེ། སློབ་ཁྲིད་དོ་དམ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ལས་ཞུགས་ལས་གཏོད་སོགས་ཀྱི་ཐད་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་ཏན་ཏིག་འཁུར་བ་དང་། ཁྱད་ཆོས་ལེགས་ཆ་མངོན་པ་དང་སློབ་གཉེར་ཆུ་ཚད་མཐོ་རུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཧུར་ཐག་བྱེད་དགོས།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་རྣམ་པའི་མཐོ་རིམ་ལས་རིགས་སློབ་གླིང་འབའ་ཞིག་དེ་ཡིན་ཞིང་རིམ་རྩིས་བྱས་ན། ལྗོངས་ཡོངས་སུ་རྩལ་ནུས་ཤེས་ལྡན་མི་སྣ་སྣ་ཚོགས་ཁྲི་4ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཝང་ཅུན་ཀྲེང་ལས་ཞུགས་ཞབས་ཞུའི་ཚོམས་ཆེན་དང་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་ཇུས་སྒྲོག་འགྲེལ་སློབ་ཁང་དུ་ཕེབས་ནས། སློབ་གྲྭ་སྤྱིའི་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་། སློབ་གྲྭས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་དང་རང་བརྟེན་ལས་གཏོད་བྱེད་པ་སོགས་ཀྱི་གནས་ཚུལ་རྟོག་ཞིབ་གནང་སྟེ། སློབ་གྲྭས་ལག་ལེན་སྦྱོང་བརྡར་དང་། རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས། ལས་ཞུགས་གསར་གཏོད་སོགས་བྱེད་སྟངས་ཀྱི་ཐད་ཁས་ལེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སློབ་གཉེར་བྱེད་སྟངས་གསར་གཏོད་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་བྱས་ནས་སློབ་གཉེར་གྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བྱེད་ཐབས་ནུས་ལྡན་ཧུར་ཐག་སྤྱད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མཁོ་སྤྲོད་དང་དགོས་མཁོ་གཉིས་མཚམས་སྦྱོར་བྱེད་ཚད་མཐོ་རུ་བཏང་ནས།

    ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་ཆེད་ལས་གསོ་སྦྱོང་དང་། ལས་རིགས་མཛུབ་སྟོན། ལས་ཞུགས་རོགས་སྐྱོར་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ཁྲོད་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། ན་གཞོན་སློབ་མའི་གསར་གཏོད་གསར་སྐྲུན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། འདུ་ཤེས་གསར་སྒྱུར་ཕོད་པ་དང་། འཚོལ་ཞིབ་གསར་གཏོད་ཕོད་པ། བསམ་གཞིག་བརྩོན་ཞིབ་ལ་བརྩོན་པ་བཅས་བྱས་ཏེ་གསར་གཏོད་ལས་གཏོད་ཁྲོད་བྱས་རྗེས་འཇོག་དགོས།

    2022ལོའི་རྩིས་པའི་གྲངས་གཞི་ཆེ་མོའི་ཆེད་ལས་འཛིན་གྲྭ་དང་པོར་རྩིས་འཁོར་བཀོལ་སྤྱོད་ཀྱི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད། ཝང་ཅུན་ཀྲེང་སློབ་ཁང་དུ་ཕེབས་པ་མཐོང་སྐབས་དགེ་སློབ་ཚོས་དགའ་བསུ་ཞུས་ཤིང་། “གང་ནས་ཡོང་བ་ཡིན་ནམ། ལོ་ག་ཚོད་སློབ་སྦྱོང་བྱས་པ་ཡིན་ནམ། ཆེད་ལས་ལག་རྩལ་གྱི་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་ཡོད་དམ” ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་རྩིས་འཁོར་གྱི་སློབ་ཁྲིད་ལ་ལྟ་སྦྱོང་གནང་བ་དང་དགེ་སློབ་ཚོ་དང་གླེང་མོལ་གནང་ནས་ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། སློབ་མ་ཚོར་ཆེད་ལས་ཀྱི་ཤེས་བྱ་དང་ཆེད་ལས་ཀྱི་རྩལ་ནུས་སློབ་སྦྱོང་ནན་ཏན་བྱས་ནས་ལས་རིགས་ཁྱབ་ཁོངས་ཀྱི་འཕེལ་ཕྱོགས་ཤེས་རྟོགས་བྱས་ཏེ་གཞི་རྩའི་རྨང་གཞི་བརྟན་དུ་གཏོང་བ་དང་འཇོན་ཐང་ངོ་མ་ཁོང་དུ་ཆུད་པར་བྱས་ནས། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་ཤེས་ལྡན་མི་སྣ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། རྒྱ་ཆེའི་དགེ་རྒན་ཚོས་སློབ་ཁྲིད་སྒྱུར་བཅོས་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ལག་ལེན་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སློབ་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ། སློབ་མར་སྤྱོད་ཚུལ་བཟང་པོ་དང་རང་འགུལ་སློབ་སྦྱོང་བྱེད་པའི་གཤིས་རྒྱུད་འཇགས་པ་དང་སློབ་མའི་དོགས་གནད་སེལ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པར་སྤུས་ཚད་མཐོ་བའི་མཁོ་ཆོད་རང་བཞིན་དང་དངོས་འཐབ་རྣམ་པའི་རྩལ་ནུས་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ལྗོངས་ལས་རིགས་སློབ་གསོས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་འཛིན་པ་ཡོད་པའི་རྩ་བའི་ཇུས་ཆེན་ལ་དམ་འཛིན་ཡག་པོ་བྱས་ནས། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་གསོ་སྐྱོང་བྱེད་དགོས་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་དགོས་པ”བཅས་ལ་དམིགས་པ་དང་། གསར་གཏོད་འཕེལ་རྒྱས་དང་ཐོན་ལས་སྒྱུར་བཅོས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ལས་རིགས་སློབ་གསོ་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དམ་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣ་མང་སློབ་གཉེར་དང་། དོ་དམ་སྒྲིག་སྲོལ་གསར་གཏོད། སློབ་ཁྲིད་བྱེད་སྟངས་སྒྱུར་བཅོས་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་གང་ལེགས་འཕེལ་བ་བྱེད་པ། བབ་བསྟུན་འཕྲལ་སྒྲུབ་དང་སྤུས་རྟགས་ལེགས་སུ་གཏོང་བ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་ཆེད་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། དེང་རབས་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་གཏོད་པ་བཅས་བྱས་ཏེ་དེང་རབས་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཐོ་སློབ་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་པོར་བསྲུང་རྒྱུ་མཐའ་འཁྱོངས་ཀྱིས་རྩ་འཛུགས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། ལག་ལེན་ལ་བརྟེན་ནས་མི་སྣ་གསོ་སྐྱོང་། གསར་གཏོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བཅས་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་སློབ་གྲྭ་ཆེ་མོ་བའི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན། བཟོ་བོའི་སྙིང་སྟོབས་དར་སྤེལ། རྩེར་སོན་ལག་རྩལ་སྐྱེད་སྲིང་བཅས་བྱས་ནས་སློབ་སྦྱོང་གི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བྱང་ཚད་མཐོ་བའི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཆེན་པོ་ཞིག་གཏོད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གསར་པ་དང་བླང་བྱ་གསར་པར་དམིགས་པ། ཐོན་སློབ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། “ཐོན་ལས་ཆེ་གྲས་བདུན”ལ་དམ་པོར་དམིགས་པ། སྤྱི་ཚོགས་ཐོག་ལས་མི་སྤྱོད་པའི་དགོས་མཁོ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། རང་བྱུང་རིག་པ་དང་། བཟོ་སྐྲུན་རིག་པ། ཞིང་ལས། གསོ་རིག་སོགས་ལ་དཀོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱེད་པ། དྲ་ཐོག་ཚོང་དོན་དང་། མི་རིགས་རྒྱན་གོས། ཞིང་འབྲོག་ལས་འདེབས་འཛུགས་གསོ་ཚགས་སོགས་ཐོན་སྐྱེད་འཛུགས་སྐྱོང་དང་དོ་དམ་ཞབས་ཞུའི་འཐབ་ས་དང་པོའི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱས་ནས། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཞུགས་ནི་དམངས་འཚོའི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། རྨང་གཞིའི་འདུ་འགོད་བཅས་ཆེ་ཤོས་ཤིག་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་དང་ལས་ཞུགས་ཧུར་ཐག་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྔོན་ལ་ཇུས་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ། “ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་ལེན་བྱེད་པའི”བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་ཏན་ཏིག་བྱེད་དགོས། ལས་ཞུགས་ལས་གཏོད་ཀྱི་ལས་སྟེགས་ཧུར་ཐག་བཏོད་དེ་སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གྲྭ་དང་ཁེ་ལས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། སྤུས་ཚད་དེ་བས་ལེགས་པ་དང་ཁྱབ་རྒྱ་དེ་བས་ཆེ་བའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ནས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མར་གཙོ་གནད་ཐོག་རོགས་སྐྱོར་བྱེད་དགོས། སློབ་མ་དང་ཁྱིམ་བདག་ལ་བསམ་བློར་བཅིངས་འགྲོལ་དང་། ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་བ། ཡང་དག་པའི་ལས་ཞུགས་ལས་འདེམས་ཀྱི་ལྟ་བ་འཛུགས་པ་བཅས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྲིད་གཞུང་གིས་སྐུལ་འདེད་དང་ཁྲོམ་རའི་གཙོ་ཁྲིད་དང་། ལྗོངས་ནང་ཁུལ་དུ་ལས་ཞུགས་དང་ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་ཞུགས་དང་རང་བརྟེན་ལས་གཏོད། ཐོན་ལས་སྐྱེད་སྲིང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་གང་ལེགས་ཐུབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་མི་ཚེའི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།