དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-19

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་ཐོན་ལས་འཁོར་འབྲེལ་དཔོན་པོའི་ལམ་ལུགས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་ནི་འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། སྲིད་ཇུས་དོ་སྙོམས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ“མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དང་ཐ་སྐྱོང་རང་བཞིན་གྱི་སྲིད་ཇུས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། སྲིད་ཇུས་ཀྱི་དོ་སྙོམས་རང་བཞིན་དང་བརྟན་པོའི་རང་བཞིན་ལ་སྣང་ཆེན་བཅས་བྱས་ནས་གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། རོགས་སྐྱོར་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་གནད་སྨིན་རོགས་སྐྱོར་གྱི་ལམ་སྲོལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་ཞབས་ཞུ་དང་ཐོན་ལས་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དུས་བཀག་བཀོད་གཏོང་དང་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག“ཁྲི་སྟོང་འདུ་འགོད”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་དང་ཟུང་འབྲེལ་གྱིས“ཁྲི་སྟོང་འདུ་འགོད”ཀྱི་འདུ་ཤེས་དང་བྱ་ཐབས་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བར་བྱས་ཏེ། ཞིང་འབྲོག་ཁུལ་གྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་རྣམ་པ་གསར་གཏོད་ཀྱི་བྱ་སྤྱོད་ལ་ཕན་འབྲས་ཐོན་པ་དང་། འགྱུར་ལྡོག་འགྲོ་བ། རིམ་སྤོར་ཐུབ་པ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་པ་དང་ཐབས་མང་མཉམ་སྤྱོད་ཀྱིས“དུད་ཚང་རེར་ཡིག་ཚགས་རེ”དང“དུད་ཚང་རེར་སྲིད་ཇུས་རེ”སོགས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མུ་མཐུད་དར་སྤེལ་བཏང་སྟེ་ལས་ཞུགས་ལ་མཛུབ་ཁྲིད་དང་། རྩལ་ནུས་ཆེར་གཏོང་། རྣམ་གྲངས་ལ་རྒྱབ་སྐྱོར། ཐོན་ལས་སྐྱེད་སྲིང་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱོད་དགོས། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་སྒུལ་ཤུགས་འཕེལ་བར་བྱས་ཏེ་གཙོ་གནད་རོགས་སྐྱོར་དང་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་དང་ཟུང་འབྲེལ་བྱེད་པ་དང་། འབབ་འཕར་ལ་སྐུལ་འདེད་དང་ཁོར་ཡུག་ལེགས་སུ་གཏོང་བར་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་སྤེལ་ཐུབ་པ་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱས་ཏེ“རིམ་ལྔའི་འགན་འཁྲི”དོན་འཁྱོལ་ནན་པོ་དང་ཏན་ཏིག་བྱས་ནས་ཕུལ་བྱུང་གི་ཤང་དང་གྲོང་རྡལ་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་དང་། འབྱུང་རྩ་ནས་སྔོན་འགོག་བྱེད་པ། ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་ལྗོངས་ཀྱི་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་དོགས་ཟོན་དང་ཐག་གཅོད་བྱེད་པའི་སྲོལ་ཡིག་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་ཞིབ་ཚགས་དང་ཏན་ཏིག་བྱས་ཏེ། མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་ཀྱི“མེ་ཟོན་གྱང”བརྟན་དུ་བཏང་ནས་ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།