དབུ་ཤོག>ཆེད་སྒྲིག
  • སྣ་དཀར་རྩེ་རྫོང་གིས་གཙོ་གནད་རྣམ་གྲངས་འཛུཌ་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-19

    ཉིན་ཤས་གོང་། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་དུས་ཚིགས་དང་པོའི་གཙོ་གནད་རྣམ་གྲངས་སྐུལ་འདེད་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེས་རྣམ་གྲངས་འཛུགས་སྐྲུན་གྱི“གྲུ་རྡོ”དང“སྒུལ་ཤུགས་གཙོ་བོའི”ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གོ་སྐབས་ལ་དམ་འཛིན་དང་གནད་སྨིན་ཤུགས་འདོན་བྱས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    སྣ་དཀར་རྩེ་རྫོང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་འགྲིམ་འགྲུལ་དང་། སྐྱེ་ཁམས་སླར་གསོ། ཆུ་བེད་ལས་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་གཙོ་གནད་ཐོག་ཇུས་འགོད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། དགེ་མཚན་ལྡན་པའི་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ཞིང་། རྣམ་གྲངས་འགན་གཙང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་འཁོར་སྐྱོད་ལ་འགན་ལེན་དང་། སྤུས་ཚད་ལ་འགན་ལེན། འཕེལ་རིམ་ལ་འགན་ལེན། རྣམ་གྲངས་ལ་འགན་ལེན་བཅས་དོན་འཁྱོལ་ཡོང་བར་བྱས་པ་དང་། འཛུགས་སྐྲུན་གྱི་སྤུས་ཚད་ཨང་དང་པོར་བཞག་ནས་ལས་གྲྭ་འཛུགས་སྐྲུན་གྱི་མཐའ་ཚད་ནན་སྲུང་དང་། རྣམ་གྲངས་བཀོད་གཏོང་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱས་པ་རེད། ནུས་ཤུགས་ཡོད་རྒུས་ལས་གྲྭ་གཉེར་བ་དང་རྣམ་གྲངས་ཀྱི་སྔོན་གྲབས་འགྲོ་ལུགས་གཉེར་བའི་འཕེལ་རིམ་ལ་དམ་འཛིན་བྱས་ནས་གཏན་འཁེལ་གྱི་དུས་ཚོད་ནང་རྣམ་གྲངས་བདེ་བླག་ངང་ལེགས་འགྲུབ་ཐུབ་པར་འགན་ལེན་བྱས་ཡོད། རྣམ་གྲངས་ཀྱི་ཚོང་འགུགས་མྱུར་ཚད་མགྱོགས་སུ་བཏང་ནས་ཚོང་འགུགས་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ཤིང་། རྣམ་གྲངས་གཟའ་འཁོར་རེར་བཀོད་གཏོང་དང་ཟླ་བ་རེར་བརྡ་ཁྱབ་གཏོང་བའི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ཏེ་རྣམ་གྲངས་ཀྱི་མ་དངུལ་གཏོང་སྤྲོད་ཀྱི་འཕེལ་རིམ་ལ་དམ་འཛིན་གྱིས་གཅིག་གྱུར་བྱེད་དགོས་རིགས་གཅིག་གྱུར་དང་སྙན་སེང་ཞུ་དགོས་རིགས་སྙན་སེང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།