དབུ་ཤོག>ཆེད་སྒྲིག>སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད།>གསར་འགྱུར་ནང་དོན།
  • 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་དྲི་བ་དྲིས་ལན། (19)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-19

    ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་དོན་ཚན་ཞེ་བརྒྱད་པའི་ནང་། “ཏང་ཙུའུ་ཡིས་འགོ་ཁྲིད་དང་སྲོག་ཤིང་གི་ནུས་པ་འདོན་དགོས”ཞེས་པའི་ཏང་ཙུའུ་ཡི་ངེས་གནས་དེ“ཏང་ཙུའུ་ཡིས་འགོ་ཁྲིད་ཀྱི་ནུས་པ་འདོན་དགོས”ཞེས་པར་བཟོ་བཅོས་བརྒྱབ་ཡོད། བཟོ་བཅོས་དེ་ལས་ཉེ་བའི་ལོ་འགའི་རིང་གི་ཏང་ཙུའུ་ཡི་ལས་དོན་སྐོར་གྱི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་མངོན་ལ། ཏང་ཡོངས་ཀྱིས་དེ་བས་ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་ཏང་ཙུའུ་ཡི་ངེས་གནས་ཁོང་དུ་ཆུད་པར་བྱས་ནས། ཏང་ཙུའུ་ཡིས་འགན་ནུས་དེ་བས་ཡག་པོ་འདོན་སྤེལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དར་ཆ་གསལ་སྟོན་གྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་འགོ་ཁྲིད་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་དང་སྲོག་ཤིང་གི་ནུས་པ་གང་ལེགས་བཏོན་ཡོད། ཏང་ཙུའུ་ནི་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པའི་རྩ་འཛུགས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་པའི་ངོས་ནས་གནས་བབ་དང་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཏང་གི་སྒྲིག་ཡིག་གི་དེ་སྔའི“ས་བཅད་དགུ་པའི་ཏང་ཙུའུ”ཡི་གཏན་འབེབས་ཀྱི་རྨང་གཞིའི་ཐོག་2015ལོའི་ཟླ་6པར་ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཀྲམ་ཏེ། ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་ཏང་ཙུའུ་ཡི་ལས་དོན་ཐོག་མར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་དུ་བཏང་ཡོད། 2017ལོའི་ཟླ་10པར་ཏང་ཙུའི་ལས་དོན་གྱི་ལག་ལེན་གྱི་དགོས་མཁོ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་ཙུའུ་ཡི་ལས་འགན་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་སྒྲུབ་པ་དང་། འགོ་ཁྲིད་ལས་ཁུངས་དང་ཐད་གཏོགས་ཚན་པའི་ཏང་རྩ་འཛུགས་ཀྱི་ལས་ཀར་འགོ་ཁྲིད་བྱེད་དགོས་པ་ཁ་གསལ་བཟོས་པ་དང་འབྲེལ། ཏང་ཡོན་འཕེལ་རྒྱས་དང་ཏང་ཡོན་ལ་ཆད་གཅོད་སོགས་ཀྱི་འགན་འཁྲི་དང་དབང་ཆ་སྤྲད་པ་རེད། 2019ལོའི་ཟླ་4པར་ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག》ལ་བཟོ་བཅོས་ཀྱིས་བཀྲམ་སྟེ། ཏང་ཙུའི་ལས་དོན་གྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ལན་བཏབ་ནས་ཏང་ཙུའི་ལམ་ལུགས་ཀྱི་གཞུང་འཁྱོངས་གསར་གཏོད་མངོན་འགྱུར་བྱུང་ཡོད། ཐེངས་འདིའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་ཙུའུ་ཡི་ངེས་གནས་གཏན་འཁེལ་ལ་བཟོ་བཅོས་བརྒྱབ་ཡོད། དེ་ལས་དུས་རབས་གསར་པའི་ཏང་ཙུའུ་ཡི་ལས་དོན་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་། ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། རང་རེའི་ཏང་གིས་ཏང་ཙུའུ་ལ་ངོས་འཛིན་ཐུབ་ཚད་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་བཅས་མཚོན་ཡོད།

    ཏང་ཙུའུ་ནི་ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། དཔལ་འབྱོར་རྩ་འཛུགས། རིག་གནས་རྩ་འཛུགས་བཅས་དང་། ཏང་གི་རྩ་འཛུགས་མ་ཡིན་པའི་འགོ་ཁྲིད་ལས་ཁུངས་གཞན་དག་བཅས་སུ་བཙུགས་པའི་འགོ་ཁྲིད་ལས་ཁུངས་ཤིག་ཡིན། དུས་རབས་གསར་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བརྒྱབ་ཚུན་གྱི་ཏང་ཙུའུ་ཡི་ལས་དོན་ལག་ལེན་འཕེལ་རྒྱས་དང་ཏང་ཙུའུ་ལས་དོན་གྱི་ཆོས་ཉིད་ལ་ཚན་རིག་དང་མཐུན་པར་སྟངས་འཛིན་བྱས་པ་གཞིར་བཟུང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག》གི་དོན་ཚན་གཉིས་པའི་ནང་ཏང་ཙུའུ་ཡིས“ཚན་པ་དེ་གར་འགོ་ཁྲིད་ཀྱི་ནུས་པ་འདོན་དགོས་པའི”གཏན་འབེབས་བྱས་པ་མ་ཟད། དོན་ཚན་བཅུ་དྲུག་པའི་ནང་དེའི་ནང་དོན་རགས་བསྡུས་ཀྱིས་བསྟན་པ་སྟེ། “ཏང་ཙུའུ་ཡིས་ཁ་ཕྱོགས་གཏན་འཁེལ་དང་། ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་པ་དང་། ཕྱོགས་ཡོངས་ནས་འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། ཚན་པ་དེ་གའི་ལས་སྒོ་དང་ཏང་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གི་འདོད་བློ་དང་ཐབས་ཇུས་གལ་ཆེན་དག་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། སྲིད་ཇུས། སྲིད་བཀའ། སྤྱི་ཚོགས་ཀྱི་གཅིག་མཐུན་ངོས་འཛིན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས” ཏང་ཙུའུ་ཡིས་ཚན་པ་དེ་གར་འགོ་ཁྲིད་ཀྱི་ནུས་པ་འདོན་དགོས་ཞེས་གསལ་པོར་བསྟན་པ་ལས། ཏང་ཙུའུ་ཡི་ངེས་གནས་སྔར་བས་གནད་ལ་འཁེལ་བའི་སྒོ་ནས་མཚོན་པ་དང་། ཏང་ཙུའུ་ཡི་ལས་དོན་གྱི་དོན་དངོས་དང་དེ་བས་མཐུན་ལ། ཏང་གིས་རྩ་འཛུགས་སྣ་ཚོགས་དང་བྱ་གཞག་ཁག་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བླང་བྱའང་གང་ལེགས་མཚོན་ཡོད། གོང་གསལ་གྱི་ངོས་འཛིན་དང་ལག་ལེན་གྱི་འཕེལ་རྒྱས་ལ་དམིགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་ཙུའུ་ཡི་ངེས་གནས་ལ་བབ་མཚུངས་ཀྱི་བཟོ་བཅོས་བརྒྱབ་ནས“ཏང་ཙུའུ་ཡིས་འགོ་ཁྲིད་ཀྱི་ནུས་པ་འདོན་དགོས”ཞེས་པར་བསྒྱུར་ཏེ། ཏང་ཙུའུ་ཡི་ངེས་གནས་གཏན་འབེབས་སྐོར་གྱི་ཏང་གི་སྒྲིག་ཡིག་དང་དུས་བསྟུན་མདུན་སྐྱོད་ཐུབ་ཡོད།

    ང་ཚོས་བཟོ་བཅོས་ཀྱི་རྒྱབ་ལྗོངས་དང་། ནང་དོན། དོན་སྙིང་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ལས་དོན་སྒྲུབ་རིང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱས་ཏེ་ཏང་ཙུའུ་ཡིས་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། འགོ་ཁྲིད་ཀྱི་ནུས་པ་འདོན་པ། འགོ་ཁྲིད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་ལྷུ་ཚིགས་ཁག་ནང་ཏང་གི་འགོ་ཁྲིད་དོན་འཁྱོལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།