དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-18

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་16ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་གཏན་ལས་དོན་འགན་འཁུར་གྱི་ཙུའུ་ཀྲང་གཞོན་པ་ཀྲོང་ཡན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་མཛུབ་ཁྲིད་ནུས་ལྡན་འོག མིག་སྔར་རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འཕེལ་རིམ་བདེ་བླག་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ། དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ། གནད་དོན་འཚོལ་བཤེར་ཐད་གྲུབ་འབྲས་རགས་ཙམ་ཐོབ་པ། བརྟག་ཞིབ་གོ་རིམ་ལྡན་པའི་ངང་སྤེལ་བ།

    རྣམ་པ་ཟབ་མོ་བཏོད་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོད་མོད། འོན་ཀྱང་། ལས་དོན་ཁྲོད་སྔར་བཞིན་གནད་དོན་དང་མི་འདང་ས་འགའ་ཤས་གནས་ཡོད་པས། ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་མ་ཟད། ཐག་གཅོད་ཏན་ཏིག་དང་རིག་པ་དྭངས་གསལ་གྱིས་རྟོགས་པར་བྱེད་དགོས།

    ཚོགས་འདུར་ནན་བཤད་བྱས་དོན། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཏང་ཀྲུང་དབྱང་གི་ལས་དོན་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། སྤྱི་འདོམས་འཆར་འགོད་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། གཏན་འབེབས་ཀྱི་བྱ་སྤྱོད་ཐད་ཡང་ཡང་བསྡུར་བ་དང་དམིགས་སར་དོན་འཁྱོལ། རང་འདེམས་བྱ་སྤྱོད་དངོས་སྒྲུབ་གསར་གཏོད་བྱེད་དགོས་ཏེ། གཅིག་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་དང་། སྤྱི་འདོམས་ལ་ཤུགས་སྣོན། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་བྱ་ཐབས་ཁག་མཉམ་དུ་ཤུགས་འདོན་དང་མཉམ་དུ་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་དང་སློབ་སྦྱོང་གི་ལས་འགན་དང་སློབ་སྦྱོང་གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་སློབ་སྦྱོང་དེ་བས་ཆ་ཚང་བ་དང་། ཞིབ་ཕྲ། གཏིང་ཟབ་བཅས་ཡོང་བར་འགན་ལེན་བྱེད་དགོས་པ། གསུམ་ནས་བརྟག་ཞིབ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས། གནད་དོན་དངོས་ཐག་གཅོད། ཚན་རིག་དང་མཐུན་པའི་བརྟག་ཞིབ་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་བརྟག་ཞིབ་ལ་གྲུབ་འབྲས་ཐོབ་པ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་པ། བཞི་ནས་གནད་དོན་འཚོལ་བཤེར་ལ་དམ་འཛིན་དང་། སྤྱི་འདོམས་ངང་བསམ་འཆར་བསྡུ་ལེན། གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ཏེ། གནད་དོན་གནད་འཁེལ་འཚོལ་ཐུབ་པ་དང་འབྱུང་རྩ་ཏན་ཏིག་འཚོལ་ཐུབ་པར་བྱེད་དགོས་པ། ལྔ་ནས་བཅོས་སྒྲིག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བྱེད་ཐབས་ཞིབ་ཕྲ་དང་། བཅོས་སྒྲིག་གི་དུས་བཅད། འགན་འཁྲིའི་ལས་བགོས་བཅས་ཁ་གསལ་ཡོང་བར་བྱས་ཏེ། བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་མཐོང་ཐུབ་པར་འགན་ལེན་བྱེད་དགོས་པ། དྲུག་ནས་ལས་དོན་མཉམ་འདྲེས་ལ་དམ་འཛིན་ཡག་པོ་བྱེད་པ་དང་སློབ་གསོ་དང་ལག་ལེན་གཉིས་ཀར་དམ་འཛིན་དང་གཉིས་ཀར་སྐུལ་འདེད་མཐའ་འཁྱོངས་བྱས་ཏེ་ལག་ལེན་ལ་མཐོང་ཆེན་དང་བྱས་རྗེས་གསར་པ་དངོས་འབྲེལ་འཇོག་ཐུབ་པར་བྱེད་དགོས་པ། བདུན་ནས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་དམ་འཛིན་ཡག་པོ་བྱེད་པ་དང“སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་རྒྱུན་སྲིང་ལྷོད་མེད་དམ་འཛིན་གྱི་ལམ་ལུགས་སྒྲིག་སྲོལ་གྲུབ་པ་བཅས་བྱེད་དགོས།

    ཚོགས་འདུར་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་མདུན་གྲལ་དུ་སྐྱོད་པའི་འདུ་ཤེས་བཙུགས་ནས་སྔོན་ཐོན་བརྩོན་ལེན་དང་རྩེ་གྲ་གཏོད་པ་དང་། སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཚད་གཞི་མཐོ་བ་དང་། སྤུས་ཚད་ལེགས་པ། ལས་ཕྱོད་ཆེ་བ་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོབ་པར་འབུལ་འོས་པའི་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།