《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》 སྐོར་གྱི་དྲི་བ་དྲིས་ལན། (18)
ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་གཞི་རྩའི་ལས་འགན་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་ནང་དོན་སྣོན་དགོས་དོན་གང་ཡིན་ནམ།
ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་དོན་ཚན་སོ་གཉིས་པའི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་གཞི་རྩའི་ལས་འགན་གྱི་ནང་ཚན་ཁག་གཉིས་པའི་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་བསྣན་ཞིང་། དེ་ལས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བར་རྩ་བའི་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད་ལ། རྒྱ་ཆེའི་ཏང་ཡོན་ཚོས་ཏང་གི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
གཅིག དེ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། 2021ལོར། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་མཚམས་སུ་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བཀོད་སྒྲིག་བྱས་པར་ཆབ་སྲིད་ཀྱི་གྲུབ་འབྲས་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་ཅིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཆབ་སྲིད་ཀྱི་སློབ་གསོ་དང་། བསམ་བློར་ཞུན་བརྡར། བསམ་པའི་ཉམས་སད་ཆེན་པོ་བཅས་ཕྱོགས་ཡོངས་དང་གཏིང་ཟབ་ཐེབས་ནས་ཏང་ཡོངས་ཀྱི་ལོ་རྒྱུས་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པ་མ་ཟད། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེས་ཆེར་འཕེལ་ནས་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་དམིགས་ཚད་ལ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བར་གཅིག་སྡུད་སློབ་སྦྱོང་སློབ་གསོ་ཐེངས་གཅིག་བྱས་པ་ཙམ་གྱིས་ཕན་མི་ཐོགས་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ངེས་པར་དུ་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་བྱས་ནས་དུས་རྒྱུན་དུ་དམ་འཛིན་བྱེད་དགོས། 2022ལོར། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ་དང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ། ཡིད་ཆེས་འཕེལ་བ། སྟོབས་ཤུགས་འཕེལ་བ་བཅས་བྱེད་པ། དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་འཆང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། རྒྱུགས་འབུལ་གྱི་ལམ་བུ་གསར་པར་གྲུབ་འབྲས་ཡག་པོ་ཐོབ་པ་བཅས་བྱ་ཆེད། ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུཌ་ཕན་ཅན་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དེ་མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་རྣམ་པའི་སྲིད་ཏང་འཛུགས་སྐྱོང་གི་ཡུན་རིང་གི་ལས་འགན་གལ་ཆེན་ཞིག་ཡིན་པ་གསལ་པོར་བཏོན་པ་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་བཙུགས་ཏེ། ཏང་ཡོན་དང་ལས་བྱེད་པས་རྒྱུན་དུ་་སློབ་སྦྱོང་གིས་རྒྱུན་དུ་གསར་བརྗེ་དང་། རྒྱུན་དུ་སློབ་སྦྱོང་གིས་རྒྱུན་དུ་ཤེས་རྟོགས། རྒྱུན་དུ་སློབ་སྦྱོང་གིས་རྒྱུག་དུ་གྲུབ་འབྲས་ཐོབ་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གཞི་རྩའི་ལས་འགན་ནང་བཅུག་ཅིང་། ཏང་གི་རྩ་བའི་བཅའ་ཁྲིམས་ཆེན་པོའི་རྣམ་པའི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དེར། རྒྱ་ཆེའི་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། ཏང་གི་ལོ་རྒྱུས་ཤེས་པ། ཏང་གི་ལོ་རྒྱུས་སྤྱོད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་དང་དད་སེམས་ཐོག་མཐའ་བར་གསུམ་དུ་བརྟན་དུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
གཉིས། དེ་ནི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་དུས་རྒྱུན་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཞིག་རེད། ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་སྒེར་གྱི་རང་འགུལ་ལ་བརྟེན་དགོས་ལ། ཏང་རྩ་འཛུགས་ཀྱི་སློབ་གསོ་ཁྲིད་སྟོན་ལ་དེ་བས་བརྟེན་དགོས། ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གཞི་རྩའི་ལས་འགན་ནང་བཅུག་ཡོད། དེ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་རྩ་འཛུགས་ཀྱི་ཁྲིད་སྟོན་བྱས་ཏེ། སྔར་བས་གཅིག་སྡུད་དང་སྔར་བས་ཕན་འབྲས་ཐོན་པ་བྱ་ཆེད་རེད། སློབ་སྦྱོང་གི་ནང་དོན་ཐད། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་དེའི་ཁྲོད་ནས་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱེད་དགོས་ཤིང་། ཏང་གི་ལོ་རྒྱུས་སྦྱོང་བའི་རྩ་བའི་དམིགས་ཡུལ་དང་། གཞི་རྩའི་བླང་བྱ། ཚན་རིག་དང་མཐུན་པའི་རྣམ་འགྱུར་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བེད་སྤྱོད་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས། ཏང་ཡོན་ཚོས་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་ཇི་མ་ཇི་བཞིན་སློབ་སྦྱོང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་གོ་བ་གཏིང་ཟབ་ལེན་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ལ་ངོས་འཛིན་གཏིང་ཟབ། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། ལོ་རྒྱུས་ཀྱི་བློ་གྲོས་བེད་སྤྱོད་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། སློབ་སྦྱོང་བྱེད་སྟངས་ཐད། ཏང་གི་ལོ་རྒྱུས་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། གཅིག་སྡུད་ཐོག་སློབ་སྦྱོང་དང་བགྲོ་གླེང་བྱེད་པ། ཆེད་དོན་ཞིབ་འཇུག་བྱེད་པ། གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་སོགས་བརྒྱུད་ཏང་ཡོན་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། སློབ་སྦྱོང་གི་ཁོར་ཡུག་ཐད། ཏང་གི་ལོ་རྒྱུས་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཉམས་མྱོང་དང་བྱ་ཐབས་དྲིལ་བསྒྲགས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སྔོན་ཐོན་དཔེ་མཚོན་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གཞི་རྩའི་ལས་འགན་ནང་བཅུག་ཡོད། དེས་རང་རེའི་ཏང་གིས་ཏང་ནང་ཁུལ་གྱི་རྒྱུན་གཏན་ཅན་གྱི་སློབ་གསོའི་ཁྱད་ཆོས་དང་ཆོས་ཉིད་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་ཕྱིན་ནས་དུས་རྒྱུན་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཐུབ་ཡོད།
གསུམ། དེ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དོན་འཁྱོལ་དང་རྩ་བ་བརྟན་ཚུགས་ཡོང་བར་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་ནི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་རྣམ་པའི་སྲིད་ཏང་འཛུགས་སྐྱོང་བྱེད་པའི་དུས་ཡུན་རིང་པོའི་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་ཁག་ཏང་རྩ་འཛུགས་ཀྱིས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་མཉམ་ཤུགས་ཆགས་པར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ནི་མང་ཚོགས་ཀྱི་ཁྲོད་རྩ་བ་ཚུགས་པ་དང་། ཏང་ཡོན་དང་མང་ཚོགས་དང་འབྲེལ་བ་ཟབ་ཤོས་དང་ཆེས་ཐད་ཀར་འབྲེལ་བ། ཐད་ཀར་ཏང་ཡོན་ལ་སློབ་གསོ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པའི་འགན་འཁྲི་འཁུར་མཁན་བཅས་ཡིན་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱེད་དགོས་ངེས་རེད། གཞི་རིམ་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། སྙིང་གཏམ་ཤོད་རེས། ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་སོགས་རྩ་འཛུགས་འཚོ་བའི་གཞི་རྩའི་ལམ་ལུགས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ནང་དོན་བཅུག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་རྒྱུན་གཏན་འཚོ་བར་མཉམ་འདྲེས་དང་རྒྱུན་གཏན་ནས་དམ་འཛིན་བྱེད་དགོས། ལས་རིགས་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་འཚམ་པའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་གནད་སྨིན་ནུས་ལྡན་ངང་ཁྱབ་པར་བྱེད་དགོས་ལ་གསོན་ཉམས་དོད་པོའི་སྒོ་ནས་ཀྱང་སྤེལ་དགོས། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་བརྒྱུད་རིམ་ནང་གཞི་རིམ་གྱི་དོན་དངོས་དང་མཐུན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས་དེ་བས་ལེགས་པའི་སྒོ་ནས་ལོ་རྒྱུས་རྟོགས་ཤིང་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གཞི་རྩའི་ལས་འགན་ནང་བཅུག་པ་དེས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཞི་རིམ་ཏང་རྩ་འཛུགས་སུ་སྤེལ་བ་དང་རྩ་བ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ཡོངས་དང་སྤྱི་ཚོགས་ཡོངས་སུ་ནུས་ལྡན་ངང་ཁྱབ་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་དངོས་སུ་འགྱུར་རྒྱུར་ཕན་པ་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣