དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་འགོ་ཁྲིད་ཀྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་གནས་སའི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-17

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཕུའུ་ཁོན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་གནས་སའི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་བ་དང་འབྲེལ། ཀྲི་པུའི་ཏང་ཡོན་ཚོ་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་རེད།

    བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ནན་བཤད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ། ལྷག་བསམ་རྣམ་དག་གི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི“སྒྲུབ་དགོས་པ་གསུམ་དང་ཞབས་ཞུ་གསུམ”ལ་དམ་པོར་དམིགས་ནས་ལས་སྒྲུབ་ལས་གཏོད་དང་ཐེག་པ་འཁུར་ལེན་གྱིས་གསར་གཏོད་ཀྱི་བསམ་བློར་བརྟེན་ནས་བྱ་གཞག་ཡར་ཐོན་ལ་ཇུས་འགོད་བྱེད་དགོས་པ། སློབ་གསོ་དང་། ཚན་རྩལ། ནོར་ཁྲལ་སོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཆོད་དང་ཕན་འབྲས་ལ་དམིགས་ནས་འགན་ནུས་སྒྲུབ་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། དམངས་ཆེད་དམིགས་ཡུལ་ལག་བསྟར་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམངས་འཚོའི་འདུ་འགོད་ལ་དམིགས་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་འགན་འཁྲིའི་དོན་ཆེན་ལ་བརྩི་བ་བཅས་བྱས་ནས་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་མང་ཚོགས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།