ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་བཞིན་པ།
● ཡང་དག་པའི་སྟོན་ཕྱོགས་སྟངས་འཛིན་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དྲིལ་བསྒྲགས་པ་དང་ལག་ལེན་པ་ཞིག་ཧུར་ཐག་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། ཡང་དག་པའི་སྟོན་ཕྱོགས་སྟངས་འཛིན། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དྲིལ་བསྒྲགས་པ་དང་ལག་ལེན་པ་ཞིག་ཧུར་ཐག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དྲིལ་བསྒྲགས་པུའི་དཔེ་མཛོད་ཁང་དང་། “སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”བོད་ལྗོངས་ལས་སྟེགས། གསར་འགྱུར་ཁྲུའུ། ཕྱི་ཕྱོགས་སྤེལ་རེས་ཁྲུའུ་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས། ཕྱི་ཕྱོགས་དྲིལ་བསྒྲགས། རིག་དཔལ་དར་བའི་ལས་ཁུངས་འཛུགས་སྐྱོང་། བརྗོད་དོན་གཙོ་བོའི་སློབ་གསོ་སོགས་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལས་བྱེད་པ་དང་ལས་བཟོར་གཟིགས་ནས་འཚམས་འདྲི་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་ལ་དམ་པོར་དམིགས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ཕན་འབྲས་མངོན་གསལ་དོད་དུ་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བཅས་ལ་སྐུལ་འདེད་བཏང་ནས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་སེལ་བ། གཞུང་འཁྱོངས་གསར་འབྱེད་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏིང་ཟབ་བཏང་སྟེ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཏེ“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་དང་། སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་སྦྱོང་གི་རྣམ་པ་གསར་གཏོད། སློབ་སྦྱོང་སློབ་གསོའི་ལས་སྟེགས་སྣ་ཚོགས་ཡག་པོ་སྤྱོད་པ། སྒྲོག་འགྲེལ་དྲིལ་བསྒྲགས་བྱེད་སྒོ་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་འཆད་འགྲེལ་སྒྲིག་འཛུགས་ཞིབ་ཚགས། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ལ་གྲུབ་འབྲས་དངོས་ཐོབ་པར་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་ཇི་མ་ཇི་བཞིན་དམ་འཛིན་བྱེད་པ་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་པོ་བསྲུངས་ནས། མཐུན་སྒྲིལ་ཡར་བརྩོན་གྱི་དྲང་ནུས་ཆེན་པོ་གཅིག་འདུས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ་དང་གོ་དོན་མཐིལ་རྟོགས་ཐད་ཤུགས་བརྒྱབ་སྟེ། དེའི་ཁྲོད་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས་པ་དང་། གཞི་རིམ་དུ་སྒྲོག་འགྲེལ་བྱེད་སྐབས་གོ་ཐུབ་པ་དང་། སེམས་ལ་འཇགས་ཐུབ་པ། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་ལ་ཤུགས་རྒྱག་པ་དང་མང་ཚོགས་ཀྱིས་གོ་བདེ་རྟོགས་སླ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་དགོས་པ། བསམ་བློ་དྲིལ་བསྒྲགས་བྱེད་སྐབས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་། དུས་བབ་དང་བསྟུན་པ། མི་ལ་བསྟུན་པ་བཅས་བྱེད་པ་དང་། འཆར་གཞི་ཡོད་པ་དང་། རིམ་པ་དབྱེ་བ། གཙོ་གནད་ཡོད་པ་བཅས་ཀྱི་སྒོ་ནས་དྲིལ་བསྒྲགས་སྒྲོག་འགྲེལ་བྱས་ཏེ། གཞི་རིམ་གྱི་སྒྲོག་འགྲེལ་པའི་ནུས་པ་ཏན་ཏིག་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རང་ལྗོངས་ཀྱི་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་ཀྱི་འདུ་ཤེས་གསར་གཏོད་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་འཚམ་པར་བྱས་ཏེ་འདུ་ཤེས་རྒྱུན་མཐུད་གསར་སྒྱུར་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་དུས་རབས་ཀྱི་རང་བཞིན་སྔར་བས་ལེགས་པར་མཚོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་ཀྱི་རང་བཞིན་ལྡན་པ་བཅས་བྱས་ནས་འདུ་ཤེས་གསར་སྒྱུར་གྱི་སྣེ་ཁྲིད་པ་དང་གཙོ་ཤུགས་དམག་ཞིག་བྱེད་ཐུབ་པར་བྱེད་དགོས། དྲིལ་བསྒྲགས་ཀྱི་བྱེད་ཐབས་གསར་གཏོད་བྱས་ནས་ཁྱད་པར་ཅན་དང་ཚོགས་བགོས་ཅན་གྱི་ཁྱབ་སྤེལ་གཏོང་སྟངས་སྤྱད་དེ་མང་ཚོགས་ལ་སྤུས་ཚད་མཐོ་བ་དང་། ཞིབ་ཅིང་ཕྲ་བ། ཁྱད་ཆོས་ལྡན་པ་བཅས་ཀྱི་གསར་འགྱུར་དྲིལ་བསྒྲགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་ནུས་པ་དང་། ཆུ་ཚད། བྱེད་སྟངས་བཅས་ལ་ཞིབ་དཔྱད་ཏན་ཏིག་བྱེད་དགོས། དྲིལ་བསྒྲགས་ཀྱི་གཞི་རྟེན་གསར་གཏོད་བྱས་ནས་ཚགས་དེབ་སྨྱན་སྦྱོར་གྱི་ནུས་པ་ཧུར་ཐག་འདོན་པ་དང་། མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན། ཤེས་ལྡན་པ་ནང་འདྲེན་དང་ཤེས་ལྡན་པ་གསོ་སྐྱོང་ལ་མཐོང་ཆེན། དེང་རབས་ཅན་གྱི་ཁྱབ་སྤེལ་ཐབས་ལམ་བེད་སྤྱོད། དྲིལ་བསྒྲགས་ཀྱི་གཞི་རྟེན་དེ་སྤྱི་དམངས་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་དང་། བྱེད་ཐབས་སྔོན་ཐོན། འགྲན་རྩོད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་གཏོད་དགོས། དྲིལ་བསྒྲགས་ལས་དོན་གྱི་ལམ་སྲོལ་གསར་གཏོད་བྱས་ནས་དཔུང་ཁག་འཛུགས་སྐྱོང་དང་། ལམ་ལུགས་འཛུགས་སྐྱོང་། དཔྱད་ཞིབ་ལྟ་སྐུལ། དཔེ་མཚོན་དཔེ་སྟོན་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ་ལམ་སྲོལ་གསར་གཏོད་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་གསོན་ཤུགས་འཕེལ་བ་དང་ལས་ཕྱོད་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་རང་འགུལ་ངང་འགན་འཁུར་ནས་བྱས་རྗེས་འཇོག་པ་དང་། མཐུན་སྒྲིལ་བརྟན་ལྷིང་ལ་ཤུགས་རྒྱག་པ་དང་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྩོམ་སྲོལ་ལེགས་སྒྱུར་དང་མང་ཚོགས་དང་ཉེ་བཅར་མཐའ་གཅིག་ཏུ་བྱེད་པ་དང་། སྐད་ཆ་དྲང་པོ་དང་གོ་ཆོད་པའི་སྐད་ཆ་མང་ཙམ་ཤོད་པ། བྱ་བ་དངོས་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་སྐད་ཆ་ནས་བསམ་བློ་མཚོན་པ། མང་ཚོགས་ཀྱི་རེ་འདོད་མཚོན་པ། མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ། འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཤུགས་ཆེན་བྱེད་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་དར་སྤེལ་ཤུགས་ཆེན་གཏོང་བ། མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་བཅས་བྱས་ཏེ། ཁྲོམ་གཞུང་དང་སྲང་ལམ་དང་། ཞིང་ནང་དང་མུ་ཁ་བཅས་སུ་ཏང་གི་གསུང་སྒྲ་བརྒྱུད་སྤྲོད་དང་། ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་སའི་གསོན་ཉམས་དོད་པའི་སློབ་ཁང་དུ་འགྱུར་བར་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་འཇགས་ཐུབ་པར་བྱས་ནས་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།
བཞུགས་མོལ་ཚོགས་འདུར་ཝང་ཅུན་ཀྲེང་གིས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བ་དང་བསམ་བློ་རིགས་པའི་གཞུང་ལུགས་དང་། གླེང་ཕྱོགས་ཁྲིད་སྟོན། ཤེས་དཔལ་སྲོལ་གཏོད་སོགས་ཞིབ་ཕྲའི་ལས་དོན་སྐོར་ལ་སྤེལ་རེས་གཏིང་ཟབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་ཟླ་བ་ཚེ་རིང་ཞུགས་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣