དབུ་ཤོག>ཆེད་སྒྲིག
  • 2023ལོའི་དུས་ཐེངས་གསུམ་པའི“རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་འཆད་སྟེགས་ཆེ་མོ”གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-16

    ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བཟུང་ནས་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས། ཆོས་ལུགས་བཅས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུར་དམིགས་ནས“རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་འཆད་སྟེགས་ཆེ་མོ”གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས་གདན་ཞུས་ལྟར་ཆེད་དོན་འཆད་ཁྲིད་གནང་བ་རེད།

    ཞུས་ཀྲི་ཐའོ་ཡིས། མིག་སྔའི་བོད་ཀྱི་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་རང་ངོས་ཀྱི་ལས་ཀའི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ཏེ“བོད་ཀྱི་མི་རིགས་དང་། ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན་ལ་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་དང་། མི་རིགས་དང་ཆོས་ལུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཞི་རྩའི་སྲིད་ཇུས། བོད་ཀྱི་མི་རིགས་དང་། ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན་གྱི་གཙོ་གནད་ལས་འགན”བཅས་ཕྱོགས་གསུམ་ཐད་ནས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པར་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ཟུར་ཁྲིད་གནང་བ་རེད།

    ལའེ་ཅའོ་ཡིས། འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས། ཆོས་ལུགས་བཅས་ཀྱི་ལས་དོན་སྒྲུབ་མཁས་པོ་བྱེད་པ་ནི་བོད་ཀྱི་ལས་བྱེད་པ་མི་རེ་ངོ་རེར་ལྡན་དགོས་པའི་འགན་སྒྲུབ་ཀྱི་འཇོན་ཐང་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང་། “སྨྲ་བ་གཉིས” “རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཟབ་ཏུ་གཏོང་བ་དང་། བོད་གསར་རྙིང་བསྡུར་བའི་སློབ་གསོ་གཏིང་ཟབ་སྤེལ་བ། གྲོང་ཚོའི་ཀྲུའུ་རེན་དང་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་གསོ་སྦྱོང་གཏིང་ཟབ་བྱེད་པ་བཅས་ལ་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར“མོས་སེམས་ལྔ”ཟབ་ཏུ་བཏང་བ་བརྒྱུད་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཡོང་བར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།