དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-05-15

    2020ལོ། ①

    ★ ཟླ་1ཚེས་7ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྐབས། 2019ལོའི་ཟླ་12ཚེས་27ཉིན་ནས་བཟུང་ཧུའུ་པེའི་ཝུའུ་ཧན་དུ་ལྟ་ཞིབ་བྱས་ནས་རྩད་ཆོད་པའི་རྒྱུ་རྐྱེན་གསལ་པོ་མེད་པའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་པར་བླང་བྱ་བཏོན་ཡོད། ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་དུ་བྱུང་བའི་མཆེད་ཚད་མགྱོགས་ཤོས་དང་། འགོ་རྒྱ་ཆེ་ཤོས། སྔོན་འགོག་ཚོད་འཛིན་ཁག་ཤོས་བཅས་ཀྱི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ཞིག་ཡིན་ལ་ལོ་ངོ་བརྒྱའི་རིང་གོ་ལ་ཧྲིལ་པོར་ཐོན་པའི་འགོ་ནད་ཚབས་ཆེ་ཤོས་ཀྱང་རེད། རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཡོད། ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་སྐུ་ངོ་མས་བཀོད་སྒྲིག་གནང་བ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་མགྱོགས་མྱུར་བརྒྱབ་པས་རྒྱལ་ཡོངས་ཀྱི་རིམས་འགོག་དམག་འཐབ་ཀྱི་འཐབ་ཇུས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཟླ་9ཚེས་8ཉིན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གསུངས་དོན། རིམས་ནད་ཚབས་ཆེན་གྱི་ཤི་གསོན་འཐབ་འཛིང་ཁྲོད་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་འཇིགས་པ་མེད་པའི་ཉམས་འགྱུར་ལ་བརྟེན་ནས་ཚེ་སྲོག་གོང་དུ་བཀུར་བ་དང་། རྒྱལ་ཡོངས་སེམས་མཐུན། རང་སྲོག་བློས་གཏོང་། ཚན་རིག་ལ་བརྩི་འཇོག ལས་དབང་གཅིག་མཐུན་བཅས་ཀྱི་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་བཏོད་ཡོད། སྤྱི་ཚོགས་ཡོངས་སུ་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས་དེ་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་མངོན་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།

    ★ ཟླ་1ཚེས་12ཉིན། ཀྲུང་གོས་རྦད་དེ་རང་བརྟེན་ཞིབ་བཟོ་བྱས་པའི་ཏུན་ཁྲི་རིམ་པའི་མཐར་སྐྲོད་དམག་གྲུ་གསར་པ་ཐོག་མ་སྟེ། ནན་ཁྲང་དམག་གྲུ་དཔུང་གྲལ་དུ་ཞུགས་ཡོད།

    ★ ཟླ་2ཚེས་23ཉིན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་སྤེལ་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས།

    ★ ཟླ་3ཚེས་6ཉིན། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས། ཏང་ཡོངས་དང་རྒྱལ་ཡོངས་དེ་བཞིན་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་སེམས་ནུས་གཅིག་སྒྲིལ་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་དུས་ཐོག་ཏུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་བསྒྲུབ་པར་འགན་ལེན་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཟླ་11ཚེས་23ཉིན། རང་རྒྱལ་གྱི་མཇུག་མཐའི་རྫོང་དབུལ་པོ་9དབུལ་པོ་ལས་བསྒྲལ་ཡོད།

    ★ ཟླ་3ཚེས་26ཉིན། ཞི་ཅིན་ཕིང་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《དཔུང་པ་མཉམ་གཤིབ་ངང་རིམས་འགོག་བྱས་ཏེ་དུས་ངལ་མཉམ་སེལ་བྱེད》ཅེས་པའི་གསུང་བཤད་གནང་བ་དང་། ཟླ་5ཚེས་18ཉིན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་བརྙན་ལམ་ཚོགས་འདུ་སྐབས་73པའི་འགོ་ཚུགས་མཛད་སྒོའི་ཐོག《མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་ལས་རྒྱལ་བར་བྱེད། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད》ཅེས་པའི་ཤིས་ཚིག་གསུངས་ཡོད། ཟླ་6ཚེས་17ཉིན་ཀྲུང་ཧྥེ་མཐུན་སྒྲིལ་རིམས་འགོག་དམིགས་བསལ་གྱིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ《ལག་གདང་སྦྲེལ་ནས་རིམས་འགོག་བྱས་ཏེ་དུས་ངལ་མཉམ་སེལ་བྱེད》ཅེས་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་ཞིང་། 2020ལོའི་ཟླ་12པར་སླེབས་སྐབས། ཀྲུང་གོས་རྒྱལ་ཁབ་150དང་རྒྱལ་སྤྱིའི་རྩ་འཛུགས་13ལ་རིམས་འགོག་གི་རོགས་སྐྱོར་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

    ★ ཟླ་3ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྔར་བས་འཐུས་སྒོ་ཚང་བའི་གཙོ་རྒྱུ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཡོད།

    ★ ཟླ་4ཚེས་10ཉིན། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་ཞི་ཅིན་ཕིང་གིས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་གཏོང་གི་འཕེལ་རྒྱས་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་དགོས་ཞེས་བཏོན་གནང་ཡོད།

    ★ ཟླ་4ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《གཞི་རིམ་ལ་འགོག་རྐྱེན་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ལེན་ཆེད་སྤྱོད་ཚུལ་གྱི་འགན་ལེན་བརྟན་པོ་བྱེད་པའི་སྐོར་གྱི་བརྡ་ཐོ》བཀྲམ་ཡོད།

    (རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང)

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།