དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་ཉིང་ཁྲིར་བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-15

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚེས་9ཉིན་ནས་ཚེས་12ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་སྤོ་བོ་རྫོང་དང་མེ་ཏོག་རྫོང་དུ་ཕེབས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལས་དོན་ལ་གཙོ་གནད་ཐོག་དམིགས་ཏེ་ས་ཆ་དངོས་སུ་བརྟག་ཞིབ་གནང་བ་དང་འབྲེལ་གྲོང་ཚོ་དང་སློབ་གྲྭར་ཕེབས་ནས་ངོ་ཐུག་གདོང་འཕྲད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)

    ཡིད་འོང་ཤང་དང་འབྲས་སྤུངས་ཤང་དུ་ཡན་ཅིན་ཧའེ་པད་མ་ཚེ་རིང་དང་། ཚེ་རིང་དོན་གྲུབ། རྟ་མགྲིན། ཤིན་ཤང་ཏུང་སོགས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་ཁོང་ཚོ་དང་འཚོ་བའི་སྐོར་གླེང་གནང་བ་མ་ཟད། གྲོས་འགོ་གསན་པ་དང་འཕེལ་རྒྱས་ཀྱི་སྐོར་ཡང་གླེང་གནང་བ་རེད། བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་རབ་དང་རིམ་པའི་འོག་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཐུགས་རྗེ་ཞུས་པ་རེད། ཡན་ཅིན་ཧའེ་ཡིས་ཁོང་ཚོར་ཕན་པ་གང་ནས་བྱུང་བ་དང་དྲིན་ལན་སུ་ལ་འཇལ་དགོས་མིན་གསལ་པོ་ཤེས་པ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་དང་གུང་ཁྲན་ཏང་གི་བཀའ་དྲིན་དེ་བས་ཚོར་ཐུབ་པ་བྱེད་དགོས་ཞེས་ལྕག་སྐུལ་གནང་བ་རེད། ཁོང་གིས། གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས། མང་ཚོགས་ཚོས་གོ་ཐུབ་པ་དང་བློ་ལ་ངེས་ཐུབ་པའི་བྱེད་ཐབས་སྤྱད་ནས་སློབ་གསོ་དང་དྲིལ་བསྒྲགས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཚང་མས་ཤེས་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཡིད་འོང་ཤང་ལྟེ་བའི་སློབ་ཆུང་དང་འབྲས་སྤུངས་ཤང་སློབ་ཆུང་དུ་ཡན་ཅིན་ཧའེ་ཡིས་སློབ་གྲྭའི་ཟ་ཁང་དང་སློབ་མའི་ཉལ་ཁང་ལ་ཞིབ་ཕྲ་གཟིགས་པ་དང་འབྲེལ། སློབ་མའི་འགྲེལ་བཤད་ནན་ཏན་ངང་གསན་ནས་ས་གནས་ས་ཐོག་ཏུ་སློབ་མའི་ཁྲུས་ཁང་དང་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་གནང་བ་རེད། སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སོགས་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་ནང་དོན་གལ་ཆེན་ལ་བརྩི་བ་མཁྱེན་སྐབས། ཡན་ཅིན་ཧའེ་ཡིས་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ལོ་ཆུང་བྱིས་པ་ཚོས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་དུ་བཏང་སྟེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པར་འགྱུར་བ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།