ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་ཚན་པ་ཁག་དང་སྡེ་ཚན་ཁག་ཏུ་སློབ་སྦྱོང་གི་ཚ་རླབས་མགྱོགས་མྱུར་འཕྱུར་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ནས་སློབ་སྦྱོང་དང་ལས་ཀའི་སྤྲོ་སེམས་དེ་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་འབད་བརྩོན་བྱེད་བཞིན་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ལྟེ་བའི་ལས་འགན་ལ་དམིགས་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པའི་རྨང་གཞིའི་ཐོག་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་ཚན་རིག་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་ཚན་རིག་ཁང་ཏང་ཙུའུ་ཡིས་དཔེ་ཀློག་འཛིན་གྲྭ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་སོགས་ཀྱི་རྣམ་པར་བརྟེན་ནས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཡོད། སྤྱི་ཚོགས་ཚན་རིག་ཁང་ཏང་ཙུའུ་ཡིས་སྤྱི་ཚོགས་ཚན་རིག་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་འགོད་དང་སྐུལ་འདེད་ཧུར་ཐག་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་འཆད་འགྲེལ་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི“མ་ལག་ཆེན་པོ་གསུམ”སྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ཞིབ་འཇུག་ལ་སྐུལ་འདེད། རིག་གཞུང་ལ་བརྟེན་ནས་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་གླེང་བ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད། སྤྱི་ཚོགས་ཚན་རིག་ཁང་གིས་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་ལེགས་ཆ་འདོན་སྤེལ་བྱས་ནས་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྡེ་ཚན་ཁག་དང་ཚན་པ་ཁག་དང་གྲོང་ཁྱེར(ས་ཁུལ)ཁག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཟུར་ཁྲིད་བྱེད་པར་བསྐྱོད་ཡོད། གོ་སླ་བའི་འགྲེལ་བཤད་རྩོམ་ཡིག་འབྲི་བ་དང་། “ལྔ་སྤེལ་ལྔ་སྦྱོང”གི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར་སྐུལ་འདེད་བཏང་ཡོད།
རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ནས“གཏན་འབེབས་བྱ་སྤྱོད”དོན་འཁྱོལ་དང“རང་འདེམས་བྱ་སྤྱོད”གསར་གཏོད་བྱས་ཤིང་། ཉིན་ཤས་གོང་སྤྱི་ཕན་དགེ་སྒྲུབ་ཐོན་ཁུངས་འབྲེལ་མཐུད་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་གཏིང་སྐྱེས་རྫོང་གི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་32སྒྲིག་འཛུགས་བྱས་ནས་པེ་ཅིང་དུ་དུས་ཡུན་ཉིན་བདུན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྤྱི་ཕན་བྱེད་སྒོ་སྤེལ་བར་བསྐྱོད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་དེ་རྒྱལ་གཅེས་རིང་ལུགས་ཀྱི་བྱ་སྤྱོད་དར་སྤེལ་གཏོང་བའི་ཐོག་དོན་འཁྱོལ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཕན་འབྲས་དངོས་ཐོག་དོན་འཁྱོལ་བྱས་པ་རེད། བྱེད་སྒོ་སྤེལ་རིང་སློབ་མ་ཚོས་བརྗིད་ཉམས་ཆེ་བའི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ལྟ་སྐོར་བྱས་པ་དང་སྒམ་བརླིང་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་དང་། རྒྱལ་ཁབ་རྟེན་མཛོད་ཁང་དང་ཀྲུང་གོའི་དངུལ་ལོར་རྟེན་མཛོད་ཁང་དུ་བསྐྱོད་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པ། པེ་ཅིང་སློབ་ཆེན་དང་པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དུ་ལྟ་སྐོར་བྱས་ནས་མི་ཐབས་རིག་ནུས་དང་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་རྣམ་གྲངས་དངོས་སུ་ཉམས་ལེན་བྱས་ཏེ་སློབ་སྦྱོང་གི་སྤྲོ་སེམས་དང་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འགན་འཁྲིའི་བསམ་པ་འཕེལ་བ་བྱས་པ། གོང་མའི་ཕོ་བྲང་རྟེན་མཛོད་གླིང་དང་དེ་བཞིན་ཡོན་མིང་ཡོན་དུ་ལྟ་སྐོར་བྱེད་སྐབས་ལོ་རྒྱུས་ཀྱི་གཏིང་ཟབ་པའི་དོན་སྙིང་མྱོང་ཚོར་ཐུབ་ནས་ཁྱིམ་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་རེད།
མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་རང་སྐྱོང་ལྗོངས་རྒྱལ་སྲུང་སྐུལ་སློང་གཞུང་ལས་ཁང་གི་ཏང་ཡོན་དང་ལས་བྱེད་པས་གཅིག་སྡུད་སློབ་སྦྱོང་དང་། རང་སྦྱོང་། ཆེད་དོན་ཟུར་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》སོགས་སློབ་སྦྱོང་དཔྱད་ཡིག་ཞིབ་འཇུག་དང་ལྟ་ཀློག་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྐྱེད་སེམས་སྒྲིལ་ཐུབ་པ་བྱས་ཡོད། གཞུང་དོན་ཁང་གི་ལས་ཁུངས་དང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་གིས་གོམ་སྟབས་གཅིག་མཚུངས་ངང་བཀོད་སྒྲིག་དང་། སྐུལ་འདེད། དོན་འཁྱོལ་བཅས་བྱེད་པ་དང་།“ཉིན་རེར་ཆེད་དོན་རེ”མཐའ་འཁྱོངས་བྱས་ཏེ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། རྒྱལ་སྲུང་སྐུལ་སློང་ཞེས་པ‘གང་ཞིག་ཡིན་པ་དང་། གང་ཞིག་བྱེད་དགོས་པ། ཇི་ལྟར་སྒྲུབ་དགོས་པ’ “‘དོན་ཆེན་བཞི’ལ་དམིགས་པ་དང‘འཛུགས་གཏོད་བཞིར’ཤུགས་བརྒྱབ་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ཡོང་བར་རྒྱལ་སྲུང་སྐུལ་སློང་གི་སྟོབས་ཤུགས་སྐྱེས་སུ་འབུལ་བ”སོགས་ཀྱི་ཆེད་དོན་སློབ་སྦྱོང་བྱས་པ་དང་ཏང་ཡོན་དང་ལས་བྱེད་པར་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་པ་རེད།