ཉེ་ཆར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་སྣེ་ཁྲིད་དེ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་བ་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“གྲོས་གཞི་ཨང་དང་པོའི”ལམ་ལུགས་མུ་མཐུད་དོན་འཁྱོལ་གཏིང་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་རྒྱུན་ལས་ཨུ་ལྷན་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། དཔེ་ཀློག་འཛིན་གྲྭ་སོགས་ཚོགས་འདུ་གལ་ཆེན་གྱི་བྱེད་སྒོའི“གྲོས་གཞི་ཨང་དང་པོར”བཅུག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྗེས་སྙེག་གིས་སློབ་སྦྱོང་དང་གོ་བ་ལེན་པ་དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་དང་པོ་དང་། དེབ་གཉིས་པ། དེབ་གསུམ་པ། དེབ་བཞི་པ་བཅས་སློབ་སྦྱོང་ནན་ཏན་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ཚུགས་གནས་དང་འཇོན་ནུས་དང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ་རེད།
“འགག་རྩ་ནི‘གྲོས་གཞི་ཨང་དང་པོའི’ལམ་ལུགས་དོན་འཁྱོལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་མཐོ་རུ་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བཀོལ་སྤྱོད་བཅས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་ལ་ཞིབ་བཤེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་མཉམ་འདྲེས་ཡོང་བར་བྱེད་དགོས”ཟླ་4ཚེས་14ཉིན་འཚོགས་པའི་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས། “དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་དང“བློ་སྒྲིལ་སེམས་སྐྱེད་ཀྱིས་རྩ་བ་གཏན་དུ་གཏོང་བ་དང་། གཤིས་སྤྱོད་ལ་ཞུན་བརྡར་གྱིས་ལྷག་བསམ་རྣམ་དག་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ཏན་ཏིག་བསྒྲུབས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་བསྒྲུབས་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྤྱོད་གཙང་བཀའ་བརྩི་བྱས་ནས་སྲོལ་གསར་གཏོད་པ་བཅས”ཕྱོགས་ལྔའི་དམིགས་ཚད་ལ་ཞིབ་བསྡུར་ནན་པོ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་བསྐྱངས་ནས་འགན་འཁྲི་སྒྲུབ་པར་ཁྲིད་སྟོན་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་འཕྲད་པའི་གནད་དོན་དང་དཀའ་གནད་ལ་ལན་ཡག་པོ་རྒྱག་པ་དང་ཐག་གཅོད་ཡག་པོ་བྱེད་པ་མ་ཟད། སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།
འདི་ལོའི་ཟླ་གཉིས་པར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ལྷག་པར་དུ་ཏང་ཆེ་མོའི་དམིགས་བསལ་དཀའ་གནད་ཐག་གཅོད་བྱེད་པའི“སྔ་བར་ཕྱི་གསུམ་དུ་གང་འདྲ་བྱེད་དགོས་པ་དྲུག”དེ“གྲོས་གཞི་ཨང་དང་པོའི”ཆེད་དོན་སློབ་སྦྱོང་ནང་བཅུག་པ་དང་། “དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ལ་བརྟེན་ནས‘འཛུགས་གཏོད་བཞི’དང“གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན”སོགས་ལོ་འཁོར་གྱི་གཙོ་གནད་བརྟག་ཞིབ་བྱ་གཞི་མང་པོ་ཞིབ་འཇུག་གཏན་འཁེལ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་། བརྟག་ཞིབ་ཏན་ཏིག དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པར་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་གཙོ་གནད་དཀའ་གནད་དང་ཞན་ཆ་དང་མི་འདང་ས་ཐག་གཅོད་ནུས་ལྡན་བྱས་ཏེ་བོད་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།
བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ལ་དམིགས་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས《རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་2023ལོའི་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་ཀའི་ཇུས་གཞི》བཟོ་བར་དམིགས་པ། གཙོ་གནད་མི་དང་། གཙོ་གནད་ལས་དོན། མངོན་གསལ་དོད་པའི་གནད་དོན་བཅས་ལ་དམ་པོར་དམིགས་པ། གཙོ་གནད་ལས་གནས་དང་། གཙོ་གནད་ཁྱབ་ཁོངས། ལས་དོན་གལ་ཆེན། ལྷུ་ཚིགས་གལ་ཆེན་བཅས་ལ་དམ་པོར་དམིགས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གང་དུ་ཡོད་ཚེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་དེ་གར་བཀོད་སྒྲིག་དང་ཆབ་སྲིད་ལྟ་སྐུལ་ཡང་དེ་གར་སྙེག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སློབ་སྦྱོང་ནས་ཆབ་སྲིད་ཀྱི་རྣམ་འགྱུར་ལ་ལྟ་བ་དང་། བཀོད་སྒྲིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ལྟ་བ། དོན་འཁྱོལ་ནས་ཆབ་སྲིད་ཀྱི་འགན་སེམས་ལ་ལྟ་དགོས། གོང་ལ་སྲིད་ཇུས་ཡོད་ན་འོག་ལ་ཁ་གཏད་འཇལ་ཐབས་ཡོད་པ་དང་བཀའ་ཕབ་ཀྱང་ལག་བསྟར་མི་བྱེད་པ་དང་བཀག་ཀྱང་མི་ཉན་པ་དང་། གདམ་ག་བྱེད་པ་དང་། འགྱུར་བ་གཏོང་བ། འཐེན་སྐུམ། ལེ་ལོ་བག་གཡེང་སོགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དངོས་ཡོད་བཞི”དང“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱས་ནས་ཞིབ་བསྡུར་དབྱེ་ཞིབ་དང་ཕྱོགས་སྡོམ་གསེད་བཀྲོལ་བྱས་པ་བརྒྱུད“དངོས་ཡོད་བཞི”རྦད་དེ་བོད་ཀྱི་དོན་དངོས་དང་མཐུན་པ་དང་། རུལ་སུངས་རྦད་དེ་གཙང་སེལ་ཐུབ་མེད་པ་དང་སྔར་བཞིན་ཐོན་གྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ལོ་འགོར་འཚོགས་པའི་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་ལས་གྲྭ་འཛུགས་སྐྲུན་དང་། གཞུང་ཁོངས་ཁེ་ལས་ཀྱི་དངུལ་རྩ། ཁྲིམས་སྐྱོང་དང་ཁྲིམས་འཛིན། དམངས་འཚོ་སོགས་ལས་རིགས་དང་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་བརྒྱུད་རིམ་རང་བཞིན་གྱི་རུལ་སུངས་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་། འགག་རྩའི་ཉུང་ཤས་དང་ལྷག་དོན་དུ་འགོ་གཙོ་དང་པོར་དམ་པོར་དམིགས་པ། ལྐོག་ཟ་དང་རུལ་སུངས་ན་གཞོན་དུ་འགྱུར་བའི་རྣམ་པར་ཚད་མཐོའི་མཐོང་ཆེན་བྱེད་པ། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་མི་སྣས་ཤུགས་རྐྱེན་ལ་བརྟེན་ནས་སྒེར་དོན་སྒྲུབ་པ་དང་ལྐོག་ཟ་རུལ་སུངས་བྱེད་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།