མིག་སྔར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏང་ཡོངས་སུ་ཏན་ཏིག་སྤེལ་བཞིན་ཡོད། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་བཅས་བྱས་ནས། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་རྒྱུགས་འབུལ་གྱི་ལམ་བུ་གསར་པའི་ཐོག་དེ་བས་ཕུལ་དུ་བྱུང་བའི་རྒྱུགས་ལན་འབུལ་དགོས།
ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ཏང་གཤིས་ཡིན། ཏང་གཤིས་ཀྱི་མཐོ་ཚད་ནས་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་གནད་དོན་ལ་ངོས་འཛིན་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་རྒྱུ་དེ་ཏང་གཤིས་དབྱེ་ཞིབ་དང་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནད་དོན་བཙལ་འཚོལ་དང་དག་ཐེར་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛོལ་བའི་བསམ་བློའི་འབྱུང་རྩ་དང་དོན་དངོས་གནོད་འཚེར་དབྱེ་ཞིབ་གཏིང་ཟབ་བྱས་ནས། མགོ་གཉིས་མ་དང་ངོ་གཉིས་མ་གཏན་ནས་མི་བྱེད་པ་དང་། ཏང་གི་རྩ་དོན་འཁྱེར་ནས་ཉོ་ཚོང་གཏན་ནས་མི་བྱེད་པར་དབང་ཆར་གུས་སྐྲག་གི་བསམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། བསམ་བློའི་གོ་རྟོགས་དང་། བསམ་བློའི་འཁྱེར་སོ། ཀུན་སྤྱོད་བློ་སྦྱོང་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས།
ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པར་ངེས་པར་དུ་ལག་ལེན་དང་། དངོས་སྒྲུབ། དངོས་ཕན་བཅས་ལ་ཤུགས་སྣོན་རྒྱག་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བརྟན་པོ་དང་ཡར་རྒྱས་དང་། འཛུགས་པ་དང་གཏོར་བ། རྫུན་མ་དང་དོན་དངོས། རྩ་བ་དང་ཡན་ལག ཉེ་བ་དང་རྒྱང་བ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་བ་བྱེད་པ་དང་། ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བརྩི་འཇོག་བྱེད་པ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་རང་རྟོགས་ངང་ཁྱབ་པ་བྱེད་དགོས། ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་འཕྲལ་དུ་སྒྲུབ་པ་དང་འཕྲལ་མར་ལེགས་བཅོས་བྱེད་པ་དང་ཡུན་རིང་གི་ལས་འགན་སྙིང་རུས་གཏན་འཁྱོངས་བྱེད་དགོས། སྲིད་དོན་ལས་རྗེས་གཏོད་པའི་ང་རྒྱལ་དང་རྨོངས་ཚོད་བཀག་འགོག་བྱེད་པ་དང་། གཏམ་འདོད་མི་བྱེད་པ། དོན་སྟོང་མི་སྒྲུབ་པ། ཁེ་གྲགས་མི་གཉེར་བ་བཅས་བྱས་ཏེ་ཏན་ཏན་ཏིག་ཏིག་གི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས།
“མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ་གུང་ཁྲན་ཏང་མི་ཚོས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས”ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བར“མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པའི”ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་གལ་ཆེན་འདི་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། དེ་རང་སྣང་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་རང་ངོས་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་དགོས། སེམས་ནང་རྟག་ཏུ་མི་སེར་གྱི་དཀའ་སྡུག་བསམ་པ་དང་རྟག་ཏུ་དམངས་ཕྱུག་གི་ཐབས་ཇུས་དོན་གཉེར་བྱས་ཏེ། མང་ཚོགས་བློ་ཡིད་ཚིམ་པ་དེ་ཐོག་མཐའ་བར་གསུམ་དུ་རྩ་བའི་ཞིབ་དཔྱད་ཀྱི་ཚད་གཞིར་འཛིན་པ་དང་གོང་ལ་འགན་འཁུར་བ་དང་འོག་ལ་འགན་འཁུར་བ་གཉིས་གཅིག་གྱུར་བྱེད་པ་དང་མངོན་ཡོད་བྱས་རྗེས་འཇོག་དགོས་ལ་མངོན་མེད་བྱས་རྗེས་ཀྱང་བཞག་ནས་གང་དུ་དཔོན་གནས་འཁུར་བ་དེ་གར་བདེ་སྐྱིད་སྐྲུན་དགོས།
བརྗོད་དོན་གཙོ་བོའི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་བསྟུན་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་དགོངས་པ་སློབ་སྦྱོང་དང་བྱ་སྤྱོད་ཐོག་འཁྱོལ་བར་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲིད་སྟོན་དུ་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་སྟོན་ཕྱོགས་སུ་འཛིན་པ། “བྱས་འབྲས་ཐོབ་པར་ངས་མི་རྩོད”པའི་བློ་རྒྱ་དང“བྱས་རྗེས་འཇོག་པར་ང་ཡིས་འབད”པའི་འགན་འཁུར་ཕོད་པའི་ཐོག་ནས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བ་དང་ཕ་ཚ་བུ་རྒྱུད་དང་བསྐལ་བརྒྱར་ཕན་པའི་ཐབས་ཇུས་འགོད་གང་ཐུབ་བྱེད་དགོས།