དབུ་ཤོག>ཆེད་སྒྲིག
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཆགས་པར་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-11

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་བརྟག་ཞིབ་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ལེགས་གྲུབ་ཡོང་བར་དོན་འཁྱོལ་བཅས་བྱས་པར་བརྟེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཆགས་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། སྙིང་བཅུད་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་སྤྱི་ཡོངས་ཁོང་དུ་ཆུད་པ་དང་གོ་དོན་མཐིལ་རྟོགས་ཐུབ་པར་བྱེད་དགོས།

    ཟླ་5ཚེས་5ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དཔེ་ཀློག་འཛིན་གྲྭའི་འཆད་ཁྲིད་གཉིས་པ་དང་རིགས་གཅིག་མཁས་ཅན་གྱི་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། རྒྱ་ཆེའི་སློབ་མས་སློབ་སྦྱོང་ནན་ཏན་དང་གྲོས་བསྡུར་འཁྲུག་པོ་བྱས་རྗེས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ་བྱ་རྒྱུ་མ་ཟད། དེའི་ནང་ཁྱབ་པའི་ལངས་ཕྱོགས་ཀྱི་ལྟ་བ་དང་བྱ་ཐབས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ནས་སྤུས་ཚད་མཐོ་པོས་གཞི་ཆེའི་དོ་དམ་དང་དཔལ་འབྱོར་ཕྱོགས་བསྡུས་མཐུན་སྦྱོར་སྡེ་ཚན་གྱི་འགན་འཁྲི་ཡག་པོ་སྒྲུབ་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཚན་རིག་ལག་རྩལ་པུས་ཟབ་སྦྱོང་མཐིལ་རྟོགས་དང་ཤེས་སྦྱོར་གཅིག་མཐུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ“པུའི་ཏང་ཙུའུ་ཡིས་མིག་དཔེ་སྟོན་ནས་སློབ་སྦྱོང་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་ལ་སྣེ་ཁྲིད། གཞོན་ནུའི་ཚོགས་ཆུང་གིས་སློབ་སྦྱོང་ཧུར་ཐག”བཅས་ཀྱི་སློབ་སྦྱོང་གི་རྣམ་པ་ཆགས་པར་བྱས་ཡོད། མིག་སྔར་ཚན་རིག་ལག་རྩལ་པུས་དུས་ཡུན་ཉིན་བདུན་གྱི་དཔེ་ཀློག་འཛིན་གྲྭ་གཉེར་ཏེ་གཙོ་གནད་ལ་དམིགས་ནས་ཞིབ་ཀློག་དང་། སྤེལ་རེས་བགྲོ་གླེང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཆེད་དོན་ཟུར་ཁྲིད་སོགས་ནང་དོན་མང་པོ་བཀོད་སྒྲིག་བྱས་ཏེ་ཚན་རྩལ་ལས་དོན་གྱི་འགན་འཁྲི་གསར་པ་དང་ལས་འགན་གསར་པར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱེད་བཞིན་ཡོད་པ་རེད།

    མཉམ་སྡེབ་སློབ་སྦྱོང་དང་། སྒེར་གྱིས་རང་སྦྱོང་། རིགས་གཅིག་མཁས་ཅན་གྱིས་ཟུར་ཁྲིད། བཞུགས་མོལ་སྤེལ་རེས་སོགས་བཟོ་ལས་དང་ཆ་འཕྲིན་ཅན་པུས་བྱེད་ཐབས་སྣ་ཚོགས་སྤེལ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆེད་དོན་བྱེད་ཐབས་འགའ་ཞིག་བཏོན་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་གནད་དོན་དངོས་ཐག་གཅོད་བྱེད་པའི་ཞིབ་ཕྲའི་ནང་དོན་དང་མྱོང་ཚོར་ཞིབ་བསྡུར་དང་སྤེལ་རེས་གཏིང་ཟབ། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བསམ་འཕེལ་གྱིས“སྲུང་སྐྱོང་གཉིས”ལག་བསྟར་ཡག་པོ་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་པ་བཅས་བྱས་ཡོད།

    མི་སྤྱི་པུས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད། གཞོན་ནུ་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་དང་། སྲིད་ཇུས་དོན་འཁྱོལ་ལ་ཚོད་འཛིན་བཟོ་བའི“མཐའ་མའི་འགག་གནད”ཀྱི་དཀའ་གནད་ལ་ཞིབ་ལྟ། སློབ་གསོ་སློབ་སྦྱོང་གི་གྲུབ་འབྲས་དེ་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དམངས་འཚོར་ཕན་འདོགས་པའི་སྲིད་ཇུས་དང་བྱ་ཐབས་ལ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའུ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་མཉམ་སྡེབ་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་ཕན་ཚུན་ཟུང་འབྲེལ་དང་ཟུར་ཁྲིད་སྙན་ཞུ་དང་སྤེལ་རེས་བགྲོ་གླེང་ཕན་ཚུན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཏང་ཙུའི་བློ་མཐུན་སྒྲིག་འཛུགས་ཀྱིས་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་དང་ལས་དོན་ལེགས་སུ་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་བཏོན་ཏེ་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་རེད།

    ཀྲུང་དབྱང་ཁེ་ལས་སུ་བསྐྱོད་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་ལས་དོན་སྤེལ་བ་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ཁེ་ལས་ཀྱི་གཞོན་ནུ་ལས་བྱེད་པ་དང་། ན་གཞོན་ཚན་རྩལ་ལས་དོན་པ། ན་གཞོན་བཟོ་བོ་བཅས་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་མ་ཟད། བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ(དུས་ཐེངས་དང་པོ)བདེ་བླག་ངང་མཇུག་འགྲིལ་ཞིང་། ཉིན་ཤས་བསྟུད་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་གཞུང་ཁོངས་ཀྲུང་དབྱང་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཡར་རྒྱས་བརྩོན་ལེན་གྱི་རྣམ་འགྱུར་བཅངས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་པ་མ་ཟད། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་དང་ཕན་འབྲས་དངོས་ལ་འགྱུར་བར་བྱས་ཡོད།

    རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས“ནུས་རྒྱུའི་འཆད་ཁྲིད་ཆེ་མོའི”བྱེད་སྒོ་སྤེལ་ནས་ཆབ་སྲིད་ཀྱི་འཇོན་ཐང་ཆེ་བ་དང་། སྲིད་ཇུས་ཀྱི་ཆུ་ཚད་མཐོ་བ། ལས་སྒོ་བྱང་ཆུབ་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་འཆད་ཁྲིད་ཆེ་མོར་གདན་དྲངས་ཏེ་ཏང་ཡོན་ལས་བྱེད་པས་དོ་ཁུར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གླེང་མང་བའི་གནད་དོན་དང་ནུས་རྒྱུའི་མདོ་གནད་སྐོར་འཆད་ཁྲིད་བྱས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ད་དུང་འཆད་ཁྲིད་ཆེ་མོའི་བྱེད་སྒོ་ཐེངས་བཞི་སྤེལ་རྒྱུ་རེད།

    རྒྱལ་ཁབ་སྦྲག་སྲིད་ཅུས་ཏང་ཙུའུ་ཡིས་སློབ་སྦྱོང་ཚོགས་འདུ་དང་། དཔེ་ཀློག་འཛིན་གྲྭ སྐུལ་འདེད་ཚོགས་འདུ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ལོ་འཁོར་གྱི་གཙོ་གནད་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས་འཁོར་རྒྱུག་བདེ་བླག་ཁྲོད་ཀྱི་ལས་རིགས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་ཆེད་དངོས་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། རྣམ་པ་གསར་པ་གྲུབ་པ་བཅས་བྱས་ཡོད།

    ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལེགས་གཏོང་འབྲེལ་མཐུད་སོགས་གཙོ་གནད་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་རྩ་ཆག་དང་དུས་འགྱངས་ངང་འཇལ་བའི་སྲིད་ཇུས་མུ་མཐུད་ལག་བསྟར། སྔོན་རྩིས་ལག་བསྟར་གྱི་ལྟ་སྐུལ་ཆེད་དོན་བྱ་སྤྱོད་སྤེལ་བ་སོགས་ལ་དམིགས་ནས་ནོར་སྲིད་པུས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་། ཕྲན་ཚེགས་ཁེ་ལས། རོགས་སྐྱོར་ས་ཁུལ། དཔལ་འབྱོར་རྩ་འཛུགས་གསར་པ་སོགས་སུ་བསྐྱོད་དེ་དཀའ་གནད་གྲལ་བཤེར་གྱིས་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བར་ཕན་འབྲས་དངོས་ཐོབ་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།