དབུ་ཤོག>ཆེད་སྒྲིག
  • གནད་དོན་གནད་སྨིན་འཚོལ། དཀའ་གནད་གནད་འཁེལ་སེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-11

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ཚུན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“གཅིག་འཐུས་རྣམ་པའི”རོགས་ཁྲིད་ལས་དོན་གཏིང་ཟབ་སྤེལ་ཏེ་བྱ་སྤྱོད་དངོས་དང་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་རྒྱུགས་ལན་ཕུལ་ཡོད།

    བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཤིག་ཡིན་པའི་ངོས་ནས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཁོངས་གཏོགས་ཀྱི་རང་ངོས་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་བཟུང་ནས་དེར་མི་གཡོལ་བ་དང་སྐྱོན་མཚང་དམར་འདོན་བྱེད་ཕོད་པ་དང་། གནད་དོན་བཙལ་འཚོལ་འཕྱུགས་མེད་དང་གནད་དོན་གྱི་གཞི་རྩ་བཙལ་ཏེ“གཅིག་འཐུས་རྣམ་པའི”རོགས་ཁྲིད་གནད་སྨིན་ཡོང་བ་ལས་རྨོངས་ཚོད་མི་བྱེད་པའི་འགན་ལེན་བྱས་ཡོད། ལས་དོན་སྤེལ་རིང་ལས་དོན་ཚོགས་ཆུང་གིས་གནད་དོན་ལ་དམིགས་ནས་གྲ་སྒྲིག་ཨང་བསར་བྱས་པ་དང་ཆབས་ཅིག “རོགས་ཁྲིད”བྱས་ནས་རྒྱུན་ཆད་མེད་པར་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱས་ཡོད།

    གནད་དོན་གནད་སྨིན་འཚོལ་བ་ནི“རྣག་ཐོག་གཙག་འཁེལ”བྱེད་པའི་ཆེད་དུ་རེད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“གཅིག་འཐུས་རྣམ་པའི”རོགས་ཁྲིད་བྱས་ནས“གསོ་སྦྱོང་དང་ལག་ལེན་ཟུང་འབྲེལ”གྱི་ལས་ཀའི་བྱ་ཐབས་ཐོག་ནས་གཞི་རིམ་ཞིབ་དཔྱོད་ཁང་ལ“ཕྱོགས་ཡོངས་ནས་བརྟག་དཔྱད”བྱས་ཡོད། གཞི་རིམ་གྱི་ཞིབ་དཔྱོད་ཁང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་དོན་ཚོགས་ཆུང་གིས་ལས་ཀ་བྱེད་སྟངས་བབ་བསྟུན་ངང་བསྒྱུར་བས་གནད་ལ་སྨིན་པོ་བྱུང་ཡོད། དངོས་ཡོད་ཀྱི་གནད་དོན་རེ་རེ་བཞིན་དུ་ཐག་གཅོད་བྱས་པས་གཞི་རིམ་གྱི་ལས་བྱེད་ཉེན་རྟོག་པའི་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། ལྟ་སྐུལ་བྱ་ཡུལ་ལས་ཁུངས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཡང་ཐོབ་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་གནད་དོན་དག་ཐེར་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་མི་དམངས་མང་ཚོགས་ཚོས་གནད་དོན་ཐག་གཅོད་བྱས་པའི་ཕན་འབྲས་དངོས་ཚོར་དུ་འཇུག་དགོས་པའི་བླང་བྱ་བཏོན་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་གནད་དོན་འདྲ་མིན་སྣ་ཚོགས་ཐུག་སྲིད། གནད་དོན་གནད་སྨིན་བཙལ་ནས་དེ་ཐག་གཅོད་བྱེད་པའི་གོ་ཆོད་ཀྱི་ཐབས་ལམ་རྙེད་ཚེ་གནད་དོན་ཇི་འདྲའི་ཆེ་ཡང་ཐག་གཅོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།