དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་ཚད་གཞི་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-11

    བོད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་སོགས་འཚོགས་ནས། བརྗོད་དོན་གཙོ་བོའི་སློབ་གསོར་སྔོན་ཚུད་ནས་ཇུས་འགོད་དང་། བརྒྱུད་རིམ་ལྡན་པའི་ངང་འཆར་འགོད། སྤྱི་ཡོངས་ནས་སྐུལ་འདེད་བཅས་བཏང་བ་དང་། སྤྱིའི་ལག་བསྟར་ཇུས་གཞི་དང་ཞིབ་ཕྲའི་བཀོལ་སྤྱོད་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཚུགས་གནས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད།

    བོད་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་ཞིབ་ཚགས་སྤེལ་ཞིང་། མིག་སྔའི་བར། ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པ་90ཚང་མས་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ཟླ་4ཚེས་25ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་དཔེ་ཀློག་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་12ཁག་དང་པོའི་ཚན་པ་90ལ་བསྐྱོད་དེ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། “སློབ་སྦྱོང”སྔོན་ལ་འཇོག་པ་དང་། “ནན་པོ”རྨང་གཞིར་བྱེད་པ། “བྱང་ཆུབ་པ”གཙོ་བོར་འཛིན་པ་བཅས་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྒྲིག་འཛུགས་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། དེའི་ནང་ཞུགས་མཁན་བཅས་ཡིན་པའི་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་བརྩིས་ཏེ་དམ་འཛིན་བྱས་ནས། སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། བྱེད་ཐབས་གཙོ་བོ་བཅས་གནད་སྨིན་ཁོང་དུ་ཆུད་པར་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་པ་དང་། རྩ་འཛུགས། ཤེས་ལྡན་པ། བོད་སྐྱོར། ལས་ཁུངས་ཀྱི་སྒྲིག་ཁོངས། རང་ངོས་འཛུགས་སྐྱོང་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད།

    བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཚ་རླབས་ཤིག་འཕྱུར་བར་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ལོ་འཁོར་གྱི་ལས་ཀའི་འཆར་གཞི་དང་གཙོ་གནད་ལས་འགན་དང་ཟུང་འབྲེལ་གྱིས་ལས་ཁུངས་ཏང་ཀྲི་པུའུ་29དང་ཁོངས་གཏོགས་གྲོང་ཁྱེར(ས་ཁུལ)ཅུས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་གཏུག་པ་གཏན་འཁེལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱས་པ་དང་། དཔེ་ཀློག་འཛིན་གྲྭ་དང་བགྲོ་གླེང་ཚོགས་འདུ་འཚོགས་པ་བརྒྱུད་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་སློབ་ཁྲིད་བྱས་ནས། ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས“རིམ་གསུམ་མཉམ་འབྲེལ་སློབ་སྦྱོང་བྱེད་པའི”བྱེད་སྒོ་སྤེལ་བ། ཁྲལ་དོན་ཆེད་དོན་དྲ་བ་དང་སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ལས་སྟེགས་དང་། གཞུང་ལས་ཁང་གི་བར་མཐོངས། ཏང་ཡོན་གྱི་བྱེད་སྒོ་ཁང་སོགས་གཞི་རྟེན་དུ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་དུས་ཐོག་ཏུ་དྲིལ་བསྒྲགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དྲ་ཚིགས་ཤར་གཏོང་ཐུབ་པ་མ་ཟད། ད་དུང་སྐད་འཕྲིན་སྤྱི་རྟགས་དང་དུད་སྣེའི་ཆེད་དོན་ཡང་དུས་གཅིག་ཏུ་བཏོན་ཞིང་། དྲ་བ་དང་། སྐད་འཕྲིན། དུད་སྣེ་བཅས་མཉམ་འདྲེས་མཉམ་འགུལ་དང་མཉམ་ཤུགས་བཏོན་ནས་རྣམ་པ་སྣ་ཚོགས་ཀྱི་ཁྱབ་སྤེལ་གྱི་ཕན་འབྲས་ཐོན་ཏེ་བོད་དུ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    བོད་ཀྱིས་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པས་རླབས་ཆེན་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་ལ་སློབ་གསོ་ཁྲིད་སྟོན་བྱས་ནས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་བྱས་ཏེ“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་བྱང་ཚད། ནུས་པ་དང་འཇོན་ཐང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། ལས་ཀའི་སྤྱོད་ཚུལ། སྤྱོད་གཙང་རང་འདོམས་སོགས་ཕྱོགས་དྲུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།