དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་དུ་འཇུག་པ།
2013ལོའི་ཟླ་1ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་བཅུག་སྟེ། རུལ་སུངས་བྱེད་མི་ཕོད་པའི་ཆད་གཅོད་བསླབ་སྡོམ་ལམ་སྲོལ་དང་། རུལ་སུངས་བྱེད་མི་རུང་བའི་ཉེན་ཟོན་ལམ་སྲོལ། རུལ་སུངས་བྱེད་མི་སླ་བའི་འགན་ལེན་ལམ་སྲོལ་བཅས་ཆགས་པར་བྱེད་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མི་སུ་ཞིག་ལ་ཡང་བཅའ་ཁྲིམས་ཕུད་པའི་བལྟོས་མེད་ཀྱི་དབང་ཆ་མེད་ལ་སུ་ཞིག་གིས་ཀྱང་དབང་ཆ་སྤྱོད་སྐབས་ངེས་པར་དུ་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་དང་མི་དམངས་ལ་འགན་འཁུར་དགོས་པ་དང་སྦྲགས་ད་དུང་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཡང་བྱེད་དགོས་པ་བློ་ལ་བརྟན་པོར་བཅངས་དགོས། འགོ་གཙོ་དང་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། སྲིད་སྐྱོང་བྱ་སྤྱོད་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། འགོ་ཁྲིད་ལས་བྱེད་པས་གོ་གནས་མཐོ་ཡང་དབང་ཆ་རང་དགར་མི་སྤྱོད་པ་དང་། དབང་ཆ་ཆེ་ཡང་སྒེར་དོན་མི་སྒྲུབ་པ་བྱེད་དགོས།
གཟེར་འདེབས་ཀྱི་སྙིང་སྟོབས།
2013ལོའི་ཟླ་2ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གསུང་བཤད་གནང་སྐབས་གསུངས་དོན། ང་ཚོར་གཟེར་འདེབས་ཀྱི་སྙིང་སྟོབས་ཡོད་དགོས། གཟེར་འདེབས་པ་ནི་ཐོ་བ་གཞུ་ཐེངས་གཅིག་གིས་འདེབས་ཐུབ་པ་ཞིག་མིན་པར་ཐོ་བ་རེ་རེ་བཞིན་གཞུས་ཏེ་གཟེར་འདེབས་བྱེད་དགོས་ཀྱི་ཡོད། གཟེར་བརྟན་པོ་འདེབས་མ་ཐུབ་བར་དུ་གཟེར་རེ་རེ་བཞིན་བརྟན་པོ་བཏབ་ཚེ་ཕན་འབྲས་ཆེན་པོ་ཐོན་ངེས་རེད། གལ་ཏེ་ཐོ་བ་བེད་སྤྱོད་ཡག་པོ་མ་བྱས་ཚེ་གཟེར་གཅིག་ཀྱང་བརྟན་པོར་འདེབས་མི་ཐུབ། ང་ཚོར“བྱས་རྗེས་ཐོབ་པར་ངས་མི་རྩོད་པའི”སྙིང་སྟོབས་ཡོད་དགོས། འཆར་འགོད་ཡག་པོ་ཞིག་ཡིན་པ་གང་ཞིག་ཚན་རིག་དང་མཐུན་པ་དང་། དོན་དངོས་དང་མཐུན་པ། མི་དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཡིན་ཕྱིན། ཚང་མས་རེ་རེ་བཞིན་ཡག་པོ་སྒྲུབ་དགོས་པ་མ་ཟད་ཕན་པ་དངོས་ཐོབ་པར་བྱེད་དགོས། དེ་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚང་མས་མིག་མཐོང་ལག་ཟིན་ཡོང་གི་རེད་ལ་སེམས་ལ་ཡང་ངེས་སྲིད། 2013ལོའི་ཟླ་3ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། རིམ་ཁག་ལས་བྱེད་པས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་ལས་དོན་ཏན་ཏིག་དང་། གཏིང་ཟབ། ཞིབ་ཚགས་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་མང་ཚོགས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།