བརྗོད་དོན་གཙོ་བོའི་སློབ་གསོའི“བོད་ཀྱི་ཉམས་འགྱུར”དེ་བས་ཟབ།
འདི་ལོའི་ཟླ་4པ་ནས་བཟུང“སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག”སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏང་ཡོངས་སུ་སྤེལ་བ་རེད།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་དུས་སུ་འཁེལ་བ་མ་ཟད། དོན་སྙིང་གལ་ཆེན་ཡང་ལྡན་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གནང་བ་ལས། བོད་ཀྱིས་བྱ་སྤྱོད་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།
ཟླ་4ཚེས་11ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་གཉེར་བ་དང་། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ཟབ་སྦྱོང་མཐིལ་རྟོགས་བྱ་རྒྱུར་སྐུལ་འདེད་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བཅས་བྱས་ཏེ། རྒྱང་ལམ་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
དེ་རྗེས། ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོར་ཞུགས་མཁན་སྡེ་ཚན་དང་ཚན་པ་ཁག་གིས་དེ་མ་ཉིད་དུ་སྐུལ་སློང་བཀོད་སྒྲིག་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་བ་རེད།
ཟླ་4ཚེས་24ཉིན་ནས་ཚེས་29ཉིན་བར། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་རིང་ཚང་མས་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་ནང་དོན་གཙོ་བོར་དམ་པོར་དམིགས་ནས་མི་སྒེར་གྱིས་རང་འགུལ་ངང་སྦྱོང་བ་དང་། གཅིག་སྡུད་བགྲོ་གླེང་ངང་སྦྱོང་བ། ཚོགས་ཆུང་ཁག་བགོས་ཀྱིས་སྤེལ་རེས་བྱས་ནས་སྦྱོང་བ་སོགས་ཀྱི་ཐབས་ལམ་ནས་སློབ་སྦྱོང་གི་དཔྱད་གཞི་ཞིབ་ཀློག་ནན་ཏན་བྱས་པ་མ་ཟད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཚད་ཤིང་བཙུགས་པ་དང་འབྲེལ་མིག་དཔེ་ཡང་བཏོད་ཡོད།
ཀྲུང་དབྱང་གིས་གསལ་སྟོན་གནང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན་དང་ཞིབ་བསྡུར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ས་གནས་དེ་རང་དང་སྡེ་ཚན་དེ་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྩ་དོན་གྱི་བླང་བྱ་ཁོང་དུ་ཆུད་པ་དང“གཏན་འབེབས་བྱ་སྤྱོད”དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ལ་དོན་དངོས་དང་ཟུང་འབྲེལ་གྱིས“རང་འདེམས་བྱ་སྤྱོད”གསར་གཏོད་དང་ཏང་ཡོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ནུས་ལྡན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པར་བྱེད་དགོས་ཞེས་བཏོན་ཡོད།
“གཏན་འབེབས་བྱ་སྤྱོད”དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ཆབས་ཅིག་བོད་ཀྱིས་གང་འདྲ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་ཟུང་འབྲེལ་ཡག་པོ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི“བོད་ཀྱི་ཉམས་འགྱུར”དེ་བས་མངོན་པར་བྱས་ཡོད་དམ།
གཅིག
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་སྐུ་ངོ་མས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་བཀོད་སྒྲིག་གནང་བར་བརྟེན་ཕུན་སུམ་ཚོགས་ལ་ཧ་ཅང་རྩ་ཆེ་བའི་དགོངས་པའི་གྲུབ་འབྲས་བཏོད་ཡོད་པ་སྟེ།
“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས”
“དུས་བབ་གསར་པ་དང་ལས་འགན་གསར་པར་ཕྱོགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ངེས་པར་དུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་བཟང་པོ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་བཅས་འགན་ལེན་བྱེད་དགོས”
“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་དགོས”
“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་བཅས་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་དགོས”
“བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་མངོན་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་མངོན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཕན་འདོགས་པ་བཅས་མཐའ་འཁྱོངས་བྱེད་དགོས”
བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་བོད་ཀྱི་ལས་དོན་ཁྲོད་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག བརྗོད་དོན་གཙོ་བོའི་སློབ་གསོར“བོད་ཀྱི་ཉམས་འགྱུར”ཟབ་མོ་ལྡན་པའི་བསམ་བློའི་རྒྱུ་ནོར་རྩ་ཆེན་ཞིག་བཅས་རེད།
བོད་ཀྱི་ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན། བརྗོད་དོན་གཙོ་བོའི་སློབ་གསོའི་རིང《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དང་། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གནད་བསྡུས》 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད(2023ལོའི་པར་མ)》སོགས་དམིགས་འཛུགས་དཔེ་དེབ་སློབ་སྦྱོང་ནན་ཏན་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞི་རྩའི་ལྟ་བ་དང་ཚན་རིག་དང་མཐུན་པའི་མ་ལག་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པར་བྱེད་དགོས་ལ། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མུ་མཐུད་ཟབ་སྦྱོང་མཐིལ་རྟོགས་དང་དགོངས་དོན་གྱི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་གནད་འཁེལ་ངང་མཐིལ་རྟོགས་བྱེད་པ་དང་། དགོངས་དོན་ནང་ཁྱབ་པའི་ཚན་རིག་དང་མཐུན་པའི་དགོངས་པའི་བྱེད་ཐབས་དང་ལས་ཀའི་བྱེད་ཐབས་ཁོང་དུ་ཆུད་པ་དང་ལག་བསྟར་གཏིང་ཟབ། དོན་དངོས་དང་ཟུང་འབྲེལ་དང་ལས་དོན་ལ་གཞི་ཚུགས་པ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཁྲོད་མར་ཁེ་སེ་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་ཚན་རིག་དང་མཐུན་པར་གོ་བ་ལེན་ཤུགས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།
གཉིས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་སྤེལ་བའི་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་ཚང་མའི་ནང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ནན་བཤད་མ་བྱས་པ་གཅིག་ཀྱང་མེད་ལ། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་ཡང་ནན་བཤད་དེ་ལྟར་བྱས་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་ཏང་གཤིས་ལ་ཤུགས་སྣོན་རྒྱག་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ཁྱབ་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། རིན་ཐང་དོན་གཉེར། བསམ་པའི་བྱང་ཚད། སྤྱོད་ཚུལ་སྤྱོད་ལམ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དད་སེམས་ཀྱི་རྨང་གཞི་བརྟན་པོར་འཛུགས་པ་དང་། སྙིང་སྟོབས་ཀྱི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་བཟུང་། རང་སྣང་འཇིག་རྟེན་སྒྱུར་བཀོད་ཡག་པོ་བཅས་བྱས་ཏེ་གུང་ཁྲན་ཏང་མིའི“བློ་སྦྱོང”འཕེལ་བར་བྱེད་པ་དེ་ཡིན།
ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པར་བོད་ལ་ཕུན་སུམ་ཚོགས་པའི་གཞི་རྟེན་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལེགས་ཆ་ཡོད། གསར་བརྗེའི་ལོ་རྒྱུས་ཟབ་མོ་ལྡན་པའི་དཔའ་བོ་ཐོན་ཡུལ་ཞིག་ཡིན་པའི་བོད་དུ་རླབས་ཆེན་གྱི“ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་སྐྱེད་སྲིང་དང་བསམ་པའི་ཉམས་འགྱུར་མངོན་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་བཞག་ཡོད་པས། བོད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་ཏང་ཡོན་ལས་བྱེད་པའི་ཏང་གཤིས་ལ་ཞུན་བརྡར་སྤྲོད་པར་གསོན་ཉམས་དོད་པའི་བསླབ་གཞི་མཁོ་འདོན་བྱས་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོའི“བོད་ཀྱི་ཉམས་འགྱུར”མངོན་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་ཡོན་ལས་བྱེད་པས་གསར་བརྗེའི་རྒན་རབས་པ་ཚོའི་དགའ་སྐྱོ་གཉིས་ལྡན་གྱི་མི་སེམས་འགུལ་བའི་བྱས་རྗེས་ཁྲོད་ནས་བསམ་བློ་དང་སྙིང་སྟོབས་ལ་ཞུན་བརྡར། འགྱུར་མེད་སྟོབས་ལྡན་གྱི་ཏང་གཤིས་ལ་ཞུན་བརྡར། དཔེ་བཟང་བར་སློབ་སྦྱོང་དང་ཚད་ཤིང་ལ་ལྟ་བ། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་རྩིས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་བྱེད་པ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བཅས་བྱས་ནས་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་མོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གདེང་ཚོད་བཅས་སྔར་བས་བརྟན་དུ་གཏོང་དགོས།
གསུམ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་འཕེལ་རྒྱས་གཏོང་བའི་ལས་འགན་བཀོད་སྒྲིག་གནང་ཡོད་ལ། ལས་འགན་སྒྲུབ་རིང་འཕྲད་པའི་གནད་དོན་ཐག་གཅོད་ཐད་མཛུབ་ཁྲིད་ཀྱང་གནང་བ་དང་། ང་ཚོར་ཕྱོགས་ཁག་གི་དཀའ་གནད་སེལ་ཆེད་བྱ་ཐབས་མཁོ་འདོན་གནང་བར་བརྟེན་བོད་ལ་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་སྟེ། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་ཆེས་ཆེར་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ། མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་40ལྷག་ཙམ་ཟིན་པ། ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ། མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19ཟིན་པ། རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་བཅས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།
“ལག་ལེན་དང་། ཤེས་རྟོགས། སླར་ཡང་ལག་ལེན་དང་། སླར་ཡང་ཤེས་རྟོགས”བཅས་ནི་མི་རྣམས་ཀྱིས་བྱ་དངོས་ཤེས་རྟོགས་བྱེད་པའི་རྩོད་སྒྲུབ་ཀྱི་འགུལ་སྐྱོད་གོ་རིམ་ཞིག་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱའི་ཕྱོགས་གལ་ཆེན་ཞིག་ནི“ལག་ལེན་ལ་མཐོང་ཆེན”བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་རླབས་པོ་ཆེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་རྒྱུ་དེ་རེད།
བོད་ཀྱི་ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ལ་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྲོད་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་བྱེད་ཐབས་འཚོལ་ཞིབ་བྱེད་པ། “དུས་ལྔའི་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་གཞི་ཚུགས་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱེད་པ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམ་པོར་དམིགས་པ། ཆད་སྐྱོན་སེལ་བ་དང་། ཞན་ཆ་ལེགས་གཏོང་། རྨང་གཞི་བརྟན་གཏོང་། ལེགས་ཆ་དར་སྤེལ་བཅས་ལ་ཤུགས་སྣོན་རྒྱག་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་མངོན་འགྱུར་ཧུར་ཐག་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་། སྐྱེ་ཁམས་ཁོར་ཡུག་བཟང་པོ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་བཅས་འགན་ལེན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།
བཞི།
བོད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་གཏིང་ཟབ་སྤེལ་བཞིན་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། “ཕྱི་ཚུལ་གྱི་རྣམ་འགྱུར་ཉུང་ཙམ་སྟོན་པ་དང་འདྲ་ཆགས་པོ་ཉུང་ཙམ་བྱས་ནས་ཕྱི་ཚུལ་ཅན་དང་། གཡོ་སྒྱུ་ཅན། རྣམ་པ་ཙམ་ཅན་བཅས་གཏན་འགོག་བྱེད་པའི”བླང་བྱར་གཞིགས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་རང་ངོས་གསར་བརྗེའི་སྟོབས་ཤུགས་བསྡུ་ལེན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཞན་ཆ་འཚོལ་བ་དང་། ཧེ་བག་འཚོལ་བ། ཁ་ཕྱོགས་གསལ་བ་བཅས་བྱེད་པ། ཆབ་སྲིད་ཐད་ཀྱི་ཞིབ་བཤེར་དང་ལེན། ཆབ་སྲིད་ཐད་ཀྱི་བསླད་སྐྱོན་གཙང་སེལ། བྱ་སྤྱོད་ཐད་ཀྱི་ཡོ་འཁྱོག་སྲོང་བ། བསམ་བློ་དང་རྩ་འཛུགས་དྭངས་གཙང་མེད་པ་སོགས་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྤྱོད་ཚུལ་ལེགས་གཏོང་ལ་བརྟེན་ནས་གཟུགས་བརྙན་ལེགས་གཏོང་དང་། ཁོར་ཡུག་ལེགས་བཅོས། འཕེལ་རྒྱས་ལེགས་གཏོང་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་རྒྱང་ལམ་དུ་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས།
ནང་དོན་གལ་ཆེན་ཞིག་ཡིན་པའི་བརྟག་ཞིབ་བྱེད་སྲོལ་དར་བ་བྱེད་པ་ནི་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱད་ཆོས་མངོན་གསལ་ཞིག་རེད་ལ། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་གཏོང་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད། བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སྲིད་དོན་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། མཁོ་དགོས་དམངས་ལ་འདྲི་བ་བཅས་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།
བརྗོད་དོན་གཙོ་བོའི་སློབ་གསོའི“བོད་ཀྱི་ཉམས་འགྱུར”མངོན་པར་བྱེད་པ་ནི་དམིགས་ཡུལ་ཞིག་མིན་པར་ཐབས་ལམ་ཞིག་རེད། བོད་ཀྱི་དོན་དངོས་དང་མཐུན་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་བཀོད་སྒྲིག་མངོན་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་བོད་དུ་དོན་དངོས་དང་མཐུན་པར་སྤེལ་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སེམས་ལ་ཟུག་པ་དང་ལག་བསྟར་ཐུབ་པར་སྐུལ་འདེད་བཏང་ནས་བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས་འཕེལ་བ། དངོས་འབྲེལ་སྤྱོད་ཐུབ་པ་བཅས་བྱེད་དགོས་ལ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་བོད་ཀྱི་བྱས་རྗེས་མངོན་པ་དང་། བོད་ཀྱི་འགན་འཁྲི་མངོན་པ། བོད་ཀྱི་ལེའུ་རྩོམ་པ་བཅས་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣