དབུ་ཤོག>ཆེད་སྒྲིག
  • སྔོ་ལྗང་གཞི་རྟེན་དུ་བྱས་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-05

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མཚོ་བོད་ས་མཐོའི་ལྟེ་བའི་གྲོང་ཁྱེར་གྱི་ནུས་པའི་ངེས་གནས་ལ་གཞིས་ཚུགས་ཏེ། “ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་བའི”འཐབ་ཇུས་ཀྱི་ཁྲིད་སྟོན་ལ་བརྟེན་ནས“སྐྱེ་ཁམས་སྟོབས་ཆེར་གཏོང་བའི”བྱ་སྤྱོད་ཧུར་ཐག་སྤེལ་བའི་ཁར། སྲུང་སྐྱོང་དང་གསར་སྤེལ་ལ་མཉམ་དུ་སྐུལ་འདེད་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པའི་གདོང་ལེན་པ་ཡག་པོ་བྱས་ཡོད།

    ཆུ་བསགས་ནས་སྔོ་ཁེབས་ཆེ་རུ་བཏང་སྟེ། ས་མཐོའི་སྐྱེ་ཁམས་ཀྱི་སྡོད་མལ་གྲོང་ཁྱེར་བཏོད་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ཆུའི་སྐྱེ་ཁམས”ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུར་ཚོད་འཛིན་ཆུ་སྒོ་བཟོས་ནས། གྲོང་ཁྱེར་གྱི་ཆུ་ཁོངས་རྒྱ་ཁྱོན་སྤྱི་ཆིངས་300ལྷག་ཙམ་ཆེ་རུ་བཏང་བས་ལྷ་ས་སྐྱིད་ཆུའི་རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་གཏོད་ཐུབ་པ་བྱུང་ཞིང་། གྲོང་ཁྱེར་གྱི་ཆུ་རྒྱུད་བཅོས་སྐྱོང་གི་དུས་ཐེངས་དང་པོའི་ལས་གྲྭ་ལག་ལེན་བསྟར་ནས་སྤྱི་ལེ་53ཟིན་པའི་གྲོང་ཁུལ་གྱི་ཆུ་རྒྱུད་མཛེས་ལྗོངས་ཀྱི་བར་ཁྱམས་བསྐྲུན་པས་གྲོང་ཁྱེར་གྱི་མཁའ་རླུང་ནང་བརླན་བཤེར་འདུས་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། 《ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་བཅོས་སྐྱོང་གི་རིམ་སྤོར་འཆར་འགོད》བཟོས་ནས། གྲོང་ཁྱེར་གྱི་ཆུ་རྒྱུད་བཅོས་སྐྱོང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ་ལྷ་སའི་སྐྱིད་ཆུ་གཙོ་བོར་བྱས་ནས་ལྟེ་བའི་གྲོང་ཁུལ་གྱི་ས་ཁོངས་ཧྲིལ་པོར་ཁྱབ་འགྱེད་ཐུབ་པའི་ཆུ་རྒྱུད་ཀྱི་རྣམ་པ་ཆེན་པོ་ཞིག་བཏོད་ཡོད།

    མི་རིགས་ཁག་གི་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་ལས་བྱུང་བའི་བདེ་སྐྱིད་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས“ལེ་དབར་བརྒྱ་ཡི་སྐྱེ་ཁམས་སྔོ་ལྗང་བར་ཁྱམས”བཏོད་དེ། ལོ་བཅུའི་ནང་ལྷ་སའི་ལྷོ་རི་བྱང་རིར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་206.7བྱས་ནས་ལྷ་སའི་ལྷོ་རི་བྱང་རིར་སྔོ་ཁེབས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་མ་ཟད། 《ལྷ་ས་གྲོང་ཁྱེར་སྔོ་འགྱུར་གྱི་སྤྱིའི་འཆར་འགོད》བཟོས་ཏེ་གྲོང་ཁྱེར་ནང་སྔོ་ཁེབས་དང་། སྤྱི་གླིང་། ཆུ་ངོས་བཅས་མང་དུ་གཏོང་བའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ“ཁྲོམ་གཞུང་རེར་ལྗོན་ཤིང་དང་། ཚོན་མདོག་གཅིག་མ། མཛེས་ལྗོངས་བཅས་རེ་ཡོད་པ”ཧུར་ཐག་བྱས་ནས“གྲོང་ཁྱེར་ནགས་གསེབ་དང་། གཞུང་ལམ་སྔོ་ཁེབས། སྡོད་ཁང་ལྡུམ་ར། མི་མཛེས་ལྗོངས་ཁྲོད་གནས་པའི”ས་མཐོའི་སྐྱེ་ཁམས་ཀྱི་སྡོད་མལ་གྲོང་ཁྱེར་ཞིག་མགྱོགས་མྱུར་ཧུར་ཐག་གཏོད་རྒྱུ་ཡིན།

    སྦགས་བཙོག་དང་ཐཱན་འདུས་ཚད་ཉུང་དུ་བཏང་ནས།  སྦགས་བཙོག་འགོག་བཅོས་ཀྱི་དཔེ་མཚོན་ཅན་ཞིག་བཏོད་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་རྡུལ་དག་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་བསབས་ཏེ། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་རྒྱ་ཁྱབ་ཏུ་སྤྱད་དེ་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་དང་བདལ་གཏོང་རླངས་འཁོར་ལ་ནུས་རྒྱུ་གསར་པ་སྤྱོད་ཚད་100%ཟིན་ཡོད། ཐལ་རྡུལ་གྱི་སྦགས་བཙོག་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་ཁྲོད་གྲོང་ཁྱེར་གྱི་མཁའ་རླུང་ལེགས་ཚད་ཨང་དང་པོར་སླེབས་ཡོད།

    དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་གྱི་ཆུ་འགོ་སྲུང་སྐྱོང་དང་ལེགས་སྒྲིག་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་རྣམ་གྲངས་205ལག་ལེན་བསྟར་བ་དང་། ཆུ་རྒྱུག་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་25.2བཅོས་སྒྲིག་བྱས་པ། གཞུང་ཚད་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་གསུམ་པའི་ཚད་གཞི་རྒྱུན་འཁྱོངས་ཐུབ་ཡོད། རྫོང་ཚང་མར་བཙོག་ཆུ་དྭངས་གསིང་བཟོ་གྲྭ་དང་གད་སྙིགས་རིགས་དབྱེ་གཙང་སེལ་སྒྲིག་བཀོད་བསྐྲུན་པས་བཙོག་ཆུ་དང་གད་སྙིགས་བསྡུ་དགོས་རིགས་བསྡུ་བ་དང་གཙང་སེལ་དགོས་རིགས་གཙང་སེལ་ཐུབ་ནས་ཉེན་ཡོད་ཟོག་རོ་གཙང་སེལ་ཐུབ་ཚད་100%ཟིན་ཏེ་ས་མཐོའི“གྲོང་ཁྱེར་གཙང་མའི”སྦགས་བཙོག་སྔོན་འགོག་དང་བཅོས་སྒྲིག་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

    སྔོ་ལྗང་ཕྱོགས་སྒྱུར་བྱས་ནས། སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྤེལ་ཁུལ་བཏོད་པ།

    ལྷ་ས་གྲོང་ཁྱེར་སྟག་གདོང་གྲོང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཏན་ཏིག་བསྒྲུབས་པས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་རང་སྐྱོང་ལྗོངས་ཀྱི་མདུན་གྲལ་དུ་སླེབས་ནས་ནགས་ཚལ་དང་རྩྭ་ཐང་ཁེབས་ཚད་92%ཟིན་ཡོད། ཡུལ་མིར་སྒོ་རྩ་ནས་ལས་ཞུགས་ཐུབ་སྟེ། འབབ་འཕར་ཕྱུག་འགྱུར་བྱུང་ནས་སྐྱེ་ཁམས་ཀྱི་ཕན་པ་ཐོབ་ཅིང་། 2021ལོའི་ཟླ་10པར་སྟག་གདོང་གྲོང་ཚོར“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ་ཡོད། དེ་ནི་ལྷ་ས་གྲོང་ཁྱེར་གྱིས་སྔོ་ལྗང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྤེལ་ཁུལ་བཏོད་པའི་གསོན་ཉམས་དོད་པོའི་མཚོན་ཚུལ་ཞིག་རེད།

    ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས“ལེ་དབར་བརྒྱའི་ཐོན་ལས་བར་ཁྱམས”བཏོད་དེ་ཐོན་ལས་ལྗང་མདོག་ཅན་ལ་སྐུལ་འདེད་བཏང་སྟེ་དྭངས་གཙང་ནུས་རྒྱུ་དང་གྲངས་འཛིན་དཔལ་འབྱོར་འཐབ་ཇུས་ཀྱི་ཀ་རྟེན་དང་། རིག་གནས་ཡུལ་སྐོར་དང་ཚོང་དོན་ཟོག་འགྲེམས་ལེགས་ཆའི་འདེགས་སྐྱོར། སྐྱེ་དངོས་གསོ་རིག་སྨན་རྫས་དང་ལྗང་མདོག་བཟོ་ལས་གཙོ་གནད་འདེགས་སྐྱོར་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས། གླིང་ཁུལ་གྱིས་སྔོན་དུ་སྐྱོད་པ་དང་ཆུས་དང་རྫོང་གིས་ཐབས་སྒྱུར་འཕེལ་རྒྱས་གཏོང་བའི་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་བས། རྒྱལ་ཁབ་ཀྱི“གཉིས་ཅན་མཉམ་སྒྲུབ”ཀྱི་ཕྱོགས་བསྡུས་ཚོད་ལྟའི་གྲོང་ཁྱེར་ཁག་དང་པོར་བདམས་ཡོད། ནུས་རྒྱུ་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ནུས་རྒྱུ་གཙང་མ་བསྡུ་ཉར་གཙང་སེལ་གྱི་རྟེན་གཞི་བསྐྲུན་རྒྱུར་དམིགས་ཏེ་གྲངས་འཛིན་དཔལ་འབྱོར་དར་རྒྱས་ཀྱི་ལས་གྲྭ་ལག་ལེན་བསྟར་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།