ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ཚུན། ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་མཐོ་སློབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་བཤེར་བཅོས་སྒྲིག་བཅས་མཉམ་དུ་ཟུང་འབྲེལ་དང་། མཉམ་འདྲེས་ནུས་ལྡན། སྡེབ་གཅིག་ལ་སྐུལ་འདེད་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུ་རེད།
པེ་ཅིང་སློབ་ཆེན་གྱིས་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་སྤེལ་ཏེ་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་པ་མ་ཟད། དཔེ་ཀློག་སློབ་སྦྱོང་ལ་སྣེ་ཁྲིད་དང་། སྤེལ་རེས་བགྲོ་གླེང་། ལྟ་སྐོར་བརྟག་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་བརྒྱུད་རིམ་ལྡན་ལ་ཕྱོགས་ཡོངས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱས་པ་རེད། ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་ཇི་མ་ཇི་བཞིན་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། གོ་དོན་མཐིལ་རྟོགས་བཅས་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཁོང་དུ་ཆུད་པ། བྱ་སྤྱོད་ཐོག་འཁྱོལ་བ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱིས་སློབ་གྲྭའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི་དང་། དེ་བཞིན་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ཇུས་གཞི་སྒྲིག་འཛུགས་བྱས་ནས་བཟོས་པ་མ་ཟད། སློབ་གྲྭའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་འགན་ཁག་སྦྲེལ་མཐུད་མཉམ་འདྲེས་དང་སྡེབ་གཅིག་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁྱད་ལྡན་ཆེད་དོན་10བཏོན་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་སྒྲིག་འཛུགས་བྱས་པ་རེད།
བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ནས་མཐོ་སློབ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་ཞིང་། པེ་ཅིང་དགེ་འོས་སློབ་ཆེན་གྱིས་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་དགེ་འོས་ཁོངས་གཏོགས་ཀྱི་མཐོ་སློབ་བདུན་དང་མཉམ་དུ་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་མཉམ་འབྲེལ་སློབ་སྦྱོང་བྱེད་སྒོ་སྤེལ་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བློ་སྒྲིལ་སེམས་སྐྱེད་ཀྱིས་སློབ་གསོ་གཉེར་བར”དམིགས་ནས་དུས་རབས་གསར་པར་དགེ་རྒན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཇི་ལྟར་བསྐྱོད་པར་སྤེལ་རེས་བགྲོ་གླེང་བྱས་པ་རེད།
ཏ་ལན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་སློབ་གྲྭའི་ཏང་ཨུད་དང་། རིམ་གཉིས་ཏང་རྩ་འཛུགས། གཞི་རིམ་ཏང་ཀྲི་པུའུ་བཅས་ཀྱི་རིམ་གསུམ་འབྲེལ་གཏུག་བྱེད་སྒོ་སྤེལ་ནས། ཏང་ཡོན་དང་ཚོགས་སྤྱི་མི་འདྲ་བར་དམིགས་ནས་མཉམ་དུ་སློབ་སྦྱོང་བྱས་ཏེ། དགེ་སློབ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། ནང་དོན་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པར་ཁྲིད་སྟོན་བྱས་པ་རེད། ཧྲན་ཏུང་སློབ་ཆེན་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ཇུས་གཞི་བཟོས་ནས་སྤུས་ཚད་མཐོ་བའི་དཔེ་ཀློག་འཛིན་གྲྭ་ཡག་པོ་གཉེར་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། གཙོ་གནད་སློབ་སྦྱོང་། སློབ་སྦྱོང་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།
སི་ཁྲོན་སློབ་ཆེན་གྱིས་སློབ་སྦྱོང་བྱེད་ཀྱིན་དུ་བརྟག་ཞིབ་བྱེད་པ་དང་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་ཀྱིས་དུས་ཐོག་ཏུ་བརྟག་ཞིབ་གྲུབ་འབྲས་སློབ་སྦྱོང་གི་སློབ་ཁྲིད་ནང་བཅུག་པ་དང་ཟབ་སྦྱོང་མཐིལ་རྟོགས་ནས་བྱ་བ་དངོས་སྒྲུབ་པའི་བར་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་སློབ་ཆེན་རྩེ་གྲ་སྐྲུན་པའི་ལག་ལེན་ནང་སྤྱད་ཡོད། ནུབ་བྱང་བཟོ་ལས་སློབ་ཆེན་གྱིས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱས་ནས་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་གྱིས་ཆེད་དོན་12བཏོན་ནས་མཉམ་སྡེབ་སློབ་སྦྱོང་དང་ཞིབ་བསྡུར་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱས་ཡོད། ལན་ཀྲོའུ་སློབ་ཆེན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། རང་རྟེན་ཞིབ་སློབ་དང་། གཅིག་སྡུད་བགྲོ་གླེང་། སློབ་སྦྱོང་གཏིང་ཟབ། སྒྲོག་འགྲེལ་སྤེལ་རེས་བཅས་དམ་འཛིན་ནན་པོ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོས་བསམ་སྤྱོད་གསུམ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཐུབ་པར་སྣེ་ཁྲིད་བྱས་ཡོད་པ་རེད།