དབུ་ཤོག>ཆེད་སྒྲིག
  • རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་དང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རང་འགན་ནན་སྒྲུབ་ཀྱིས་ལས་དོན་ཡག་པོ་སྒྲུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-01

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རང་འགན་ནན་སྒྲུབ་ཀྱིས་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་དགོས་མཁོར་དམིགས་ཏེ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་ཚད་གཞི་ལྟར་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། ལག་ལེན་བསྟར་རིང་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བཀོལ་སྤྱོད་བཅས་བྱས་ནས། མངོན་གསལ་དོད་པའི་མི་འདེམས་སྤྱོད་ཀྱི་སྟོན་ཕྱོགས་བརྟན་པོ་འཛུགས་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ཏང་ལ་ལྷག་བསམ་རྣམ་དག་ཞུ་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སྔར་བས་ཞུན་བརྡར་སྤྲད་དེ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་མོ་འཆང་བ་དང་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བའི་འཇོན་ཐང་ཆེ་རུ་གཏོང་བར་སྦྱོང་བརྡར་སྤྲད་ནས། བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གདོང་ལེན་པ་བྱེད་པ་དང་མིག་དཔེ་འདོན་དགོས།

    ཏང་ལ་ལྷག་བསམ་རྣམ་དག་ཞུ་བའི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་བྱས་ནས། དད་སེམས་བརྟན་པོ་དང་ཆབ་སྲིད་ཀྱི་ཐད་ལྷག་བསམ་རྣམ་དག་བྱེད་མཁན་གྱི་གོ་ཤེས་ཅན་ཞིག་ཧུར་ཐག་བྱེད་དགོས་ཤིང་། གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ་བཅས་བྱས་ནས། “སྲུང་སྐྱོང་གཉིས”ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ལ་དངོས་འབྲེལ་དོན་འཁྱོལ་བྱེད་པ་དང་། རང་འགན་གཙང་སྒྲུབ་ཀྱིས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ནས་མཚོན་པར་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་དང་ལས་འགན་གྱི་བླང་བྱར་དམ་པོར་དམིགས་ཏེ། དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་སློབ་སྦྱོང་ལ་བརྟེན་ཏེ་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ཏེ་བློ་གྲོས་སྤེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་འབད་བརྩོན་ཧུར་ཐག་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ་ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་ཁ་ཕྱོགས་ཀྱིས་ཁ་ཕྱོགས་བྱེད་པ། ཏང་གི་འདོད་བློས་འདོད་བློ་བྱེད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་རྣམས་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་རྣམས་གཏན་ནས་མི་བྱེད་པ་བཅས་བྱེད་དགོས།

    ཚེ་གང་སློབ་སྦྱོང་གི་འདུ་ཤེས་བརྟན་པོ་འཛུགས་པའི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྱི་ཁྱིམ་སྐྱོང་གི་རྩལ་ནུས་ཆེ་ཤོས་དངོས་གནས་ཤེས་པར་བྱས་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་། སློབ་སྦྱོང་ལ་དགའ་ཞེན། ཤེས་སྦྱོར་གཅིག་མཐུན་བཅས་ཀྱི་སྣེ་ཁྲིད་པ་ཞིག་ཧུར་ཐག་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་དང་། དེའི་ཁྲོད་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་རང་རྟོགས་ངང་སྤྱོད་པ་དང་། གནས་ལུགས་དང་། ཚན་རིག་གི་ཆོས་ཉིད། རྒྱུ་མཚན་བཅས་སྔར་བས་ཁོང་དུ་ཆུད་པར་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་སྲིད་ཇུས་ཀྱི་ཁྲིམས་སྲོལ་སློབ་སྦྱོང་ཡག་པོ་བྱེད་དགོས་ལ། ལས་གནས་ཀྱི་འགན་འཁྲི་སྒྲུབ་པར་ངེས་པར་དུ་མཁོ་བའི་ཆེད་ལས་ཤེས་བྱ་སྣ་ཚོགས་ལའང་སློབ་སྦྱོང་ཡག་པོ་བྱས་ནས་ལས་རིགས་དེ་རང་དང་ཁྱབ་ཁོངས་དེའི་བྱང་གོམས་ཅན་ལ་འགྱུར་བར་བྱེད་དགོས།

    དངོས་སྒྲུབ་འགན་འཁུར་གྱི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་རང་འགན་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་བྱེད་མཁན་གྱི་དངོས་སྒྲུབ་པ་ཞིག་ཧུར་ཐག་བྱེད་དགོས་ཤིང་། “སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར”ཞེས་པ་ཡིད་ལ་བརྟན་པོར་བཅངས་ཏེ། འགན་འཁྲི་དང་འགན་ནུས་ལ་གཞི་ཚུགས་པ་དང་། ཅི་ཞིག་སྒྲུབ་དགོས་མིན་གསལ་པོ་ཤེས་པ། ལས་ཀའི་བསམ་ཕྱོགས་གསལ་པོར་བཟོ་བ། ཇི་ལྟར་སྒྲུབ་དགོས་ལུགས་ཤེས་པ། ཚན་རིག་དང་མཐུན་པའི་ཐབས་ཤེས་ཁོང་དུ་ཆུད་པ། གང་འདྲ་བྱས་ནས་ཡག་པོ་སྒྲུབ་དགོས་པ་གསལ་པོར་ཤེས་པ་བཅས་བྱས་ནས་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་དང་། གྲུབ་འབྲས་དངོས་ཐོབ་པ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། སྤྱི་ཡོངས་ལ་དམིགས་པ་དང་ཁྱོན་ཡོངས་ལ་སྟངས་འཛིན་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གོ་བ་གཏིང་ཟབ་བླངས་ཏེ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་བྱ་བ་སྒྲུབ་པ་དང་། ས་གནས་དེ་ག་དང་། སྡེ་ཚན་དེ་ག ལས་རིགས་དེ་ག་བཅས་ཀྱིས“འཛུགས་གཏོད་བཞིའི”ལས་འགན་ཞིབ་ཕྲ་འཚོལ་ཞིབ་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ས་ཁོངས་གཅིག་ལ་གཟི་བརྗིད་སྣོན་པ་དང་སྤྱི་ཡོངས་ལ་བྱས་རྗེས་འཇོག་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འདུ་ཤེས་ཟབ་གཏོང་། འཐབ་རྩོད་ཀྱི་འཇོན་ཐང་ཆེར་གཏོང་བ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་སྣ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པར་བྱེད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པའི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་སྙིང་ཉེ་བ་ཞིག་ཧུར་ཐག་བྱེད་དགོས་ཤིང་། མི་དམངས་མང་ཚོགས་ཐོག་མཐའ་བར་གསུམ་དུ་སེམས་དབུས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་རྒྱུ་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩིས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ནས་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་བཏང་སྟེ་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་མི་དམངས་ཀྱི་བདེ་སྡུག་སེམས་ནང་བཞག་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་དང་སྨན་བཅོས་དང་སློབ་ཞུགས་ལས་ཞུགས་སོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཚད་མཐོའི་རང་རྟོགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ་རུལ་རྒོལ་འགྱུར་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྲུངས་ནས་སྤྱོད་ཚུལ་ལེགས་པ་དང་དབང་ཆ་དྲང་གཞག་སྤྱོད་མཁན་མི་དྲང་པོ་ཞིག་ཧུར་ཐག་བྱེད་དགོས་ཤིང་། སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཡང་དག་པའི་དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་འཛུགས་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་པོ་སྲུང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་དང་། རང་སྐུལ། རང་གཟབ། རང་གཅུན་བཅས་བྱས་ནས་དད་སེམས་ཀྱི་འགོག་སྲུང་འཛིང་རགས་དང་། ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས། སྒྲིག་ཁྲིམས་ཀྱི་འགོག་སྲུང་འཛིང་རགས་བཅས་བརྟན་པོ་འཛུགས་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། “དཔེ་སྟོན་དྲུག”ལག་ལེན་བསྟར་རྒྱུར་སྣེ་ཁྲིད་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། དམངས་གཙོ་དང་གཅིག་སྡུད་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱས་ཏེ་ཐབས་ཇུས་ཚན་རིག་དང་དམངས་གཙོ་དང་མཐུན་པ་དང་། ལག་བསྟར་ཐག་ཆོད་པ་དང་ནུས་པ་ཐོན་པ། དོན་འཁྱོལ་མྱུར་བ། བྱ་བ་ཁྲིམས་དང་མཐུན་པ་སྒྲུབ་ཅིང་ཕན་འབྲས་ཐོན་པ་བཅས་བྱེད་དགོས། གཞུང་དྲང་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་མཐའ་འཁྱོངས་དང་ལམ་ལུགས་ལ་ནན་པོར་གཞིགས་ནས་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། ལས་དོན་སྤེལ་བ་བཅས་བྱེད་པ་དང་མི་ཆོས་གཙང་མ་དང་། གཞུང་དྲང་ལས་སྒྲུབ། འདོད་བརྣག་རྒྱབ་སྐྱུར་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།