ཉེ་ཆར་འཕྱོངས་རྒྱས་རྫོང་གིས་གཞི་རིམ་ཞིང་འབྲོག་པའི་རྐང་འཛིན་སྒྲོག་འགྲེལ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པའི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། རྫོང་གི་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཚ་རླབས་གསར་པ་ཞིག་འཕྱུར་བ་རེད།
བྱེད་སྒོའི་ཐོག་སྒྲོག་འགྲེལ་ལས་འགན་ལ་འགྲེལ་བཤད་དང་གསལ་བཤད་རྒྱག་པ་དང་། “ཏང་གི་བཀའ་དྲིན་ཚོར་བའི”རིག་རྩལ་འཁྲབ་སྟོན་བྱེད་པ། ཕུལ་བྱུང་སྒྲོག་འགྲེལ་པས་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་བཅས་ལ་བརྟེན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ནང་ཧུར་ཐག་ཞུགས་ནས་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་ཉམས་འགྱུར་གསར་པ་མངོན་པར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
ད་ཐེངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་དེ་ལོ་ཧྲིལ་པོར་སྤེལ་རྒྱུ་ཡིན་པ་དང་། འཕྱོངས་རྒྱས་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་རེད། བྱེད་སྒོས་ཤང་དང་གྲོང་རྡལ་ཁག་གི་ཕུལ་བྱུང་སྒྲོག་འགྲེལ་རྐང་འཛིན་པ་གསོ་སྦྱོང་བྱས་ནས་བདམས་ཏེ་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པའི་ཐབས་ལམ་ལ་བརྟེན་ནས། འཕྱོངས་རྒྱས་རྫོང་གི་ཤང་དང་གྲོང་རྡལ་4དང་སྲིད་འཛིན་གྲོང་ཚོ་20ལ་ཁྱབ་པར་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་བྱེད་སྒོ་གཞི་རིམ་དང་མང་ཚོགས་ཁྲོད་སྤེལ་ནས་ཀུན་གྱིས་ཤེས་པ་དང་སེམས་ནང་ཟུག་པར་སྐུལ་འདེད་གཏོང་རྒྱུ་རེད། ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྗེས་འཕྱོངས་རྒྱས་རྫོང་གི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)དང་རྒྱ་ཆེའི་ཤེས་དཔལ་ལག་ལེན་དང་བླངས་པས། ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་གསར་ཤོས་དྲིལ་བསྒྲཌ་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཤང་གྲོང་ཁག་དང་གྲོང་ཚོ་དང་ཨུ་ཡོན་ལྷན་ཁང་ཁག་གིས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་མཛུབ་ཁྲིད་དང་ཞབས་འདེགས་ཞུ་རྒྱུ་རེད།