དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་འདི་འདྲ་སྤེལ་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-27

    ཟླ་4ཚེས་11ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན།

    བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ཏེ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་སྐུལ་འདེད་གཏོང་བ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་དེ་རྒྱང་ལམ་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཏང་ཡོངས་ཀྱི་བློ་མཐུན་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་ལེགས་འགྲུབ་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི ▶ བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི ▶ ལྟེ་བའི་ལས་འགན་ལ་དམིགས་པ་དང་ལས་འགན་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། “དོན་ཆེན་བཞི”ཕྱོགས་ཡོངས་ནས་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི ▶ ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི ▶ སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད།

    སྤྱིའི་བླང་བྱ་གནད་ལ་འཁེལ་པོས་སྟངས་འཛིན་བྱེད་པ།

    དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་སྣང་ཆེན། བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་དགོས།

    དམིགས་ཚད་ལས་འགན་གནད་ལ་འཁེལ་པོས་སྟངས་འཛིན་བྱེད་པ།

    བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བར་ཤུགས་རྒྱག་པ།

    གཤིས་སྤྱོད་སྦྱོང་བརྡར་ལ་བརྟེན་ནས་ལྷག་བསམ་རྣམ་དག་ལ་ཤུགས་རྒྱག་པ།

    དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ།

    དམིགས་ཡུལ་དོན་གཉེར་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པར་ཤུགས་རྒྱག་པ།

    སྤྱོད་གཙང་གཞུང་དྲང་ལ་བརྟེན་ནས་སྲོལ་གསར་གཏོད་པར་ཤུགས་རྒྱག་པ།

    གཙོ་གནད་བྱ་ཐབས་གནད་ལ་འཁེལ་པོས་སྟངས་འཛིན་བྱེད་པ།

    རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དེ་གནས་བབ་ཨང་དང་པོར་འཇོག་པ།

    བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ།

    རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་བ།

    ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་མགོ་ནས་མཇུག་བར་ཁྱབ་པ་མཐའ་འཁྱོངས་བྱེད་པ།

    བྱེད་སྟངས་དང་བྱ་ཐབས་གནད་ལ་འཁེལ་པོས་སྟངས་འཛིན་བྱེད་པ།

    རང་སྣང་གི་འཇིག་རྟེན་སྒྱུར་བཀོད་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་དབར་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་པ།

    བརྒྱུད་རིམ་ལྡན་པའི་སྐུལ་འདེད་དང་རིགས་དབྱེ་ལག་བསྟར་དབར་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་པ།

    དམིགས་ཚད་ཀྱི་སྣེ་ཁྲིད་དང་གནད་དོན་གྱི་ཕྱོགས་སྟོན་དབར་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་པ།

    “མིག་སྔར་དག་ཐེར”དང“ཡུན་རིང་གནས་པའི”འབྲེལ་བར་སྟངས་འཛིན་ཡག་པོ་བྱས་པ།

    བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བ་དང་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་དབར་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་པ།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ།

    འགན་འཁྲི་ནན་དུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་ཁུར་ནས་འགན་འཁུར་བློ་མཐུན་གཙོ་བོས་ཇུས་འགོད་དང་། མདུན་ཕྱོགས་ནས་བཀོད་འདོམས། སྣེ་ཁྲིད་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་དགོས།

    ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱས་ནས་ལྟ་སྐུལ་ནན་པོ་དང་མཛུབ་ཁྲིད་ཏན་ཏིག་བྱེད་པ་དང་མཛུབ་ཁྲིད་ལ་བརྟེན་ནས་ལྟ་སྐུལ་ལ་སྐུལ་ཁྲིད་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། ཁྱད་པར་ཅན་བཅས་ལ་སྐུལ་འདེད་གཏོང་དགོས།

    དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་ལ་སྟངས་འཛིན། དྲིལ་བསྒྲགས་ཀྱི་ཐོན་ཁུངས་སྣ་ཚོགས་ལ་སྤྱི་འདོམས། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།

    སྤྱོད་ཚུལ་ལེགས་གཏོང་མཐའ་འཁྱོངས་བྱས་ནས་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། སྲོལ་གསར་སྲོལ་བཟང་དར་སྤེལ་ཤུགས་ཆེན་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།