པེ་ཅིང་གྲོང་ཨུད་ཀྱིས།
གཅིག་སྡུད་སློབ་སྦྱོང་དང་། སྤེལ་རེས་བགྲོ་གླེང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། བརྟག་དཔྱད་ཞིབ་འཇུག་སོགས་བྱས་པ།
ཐེན་ཅིན་གྲོང་ཨུད་ཀྱིས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྒྲིག་འཛུགས་བྱས་ནས་གཉེར་བ་དང་། མ་རྩོམ་ལྟ་བ་དང་མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བྱ་རྒྱུ་མཐའ་འཁྱོངས་བྱས་པ།
ཧོ་པེ་ཞིང་ཨུད་ཀྱིས།
ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་སྒྲིལ། བྱ་སྤྱོད་གཅིག་གྱུར་བཅས་བྱས་པ།
ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས།
“སྣེ་ཁྲིད་དྲུག་དང་ཁག་གཅིག་རེ་དྲུག”གི་ཐོག་མའི་ལས་ཀའི་བསམ་ཕྱོགས་བཏོན་པ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་དང་། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་སྐུལ་སློང་བཀོད་སྒྲིག་དང་འཆར་འགོད་བྱས་ཏེ་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཕན་པ་དངོས་ཐོབ་པའི་འགན་ལེན་བྱས་ཡོད།
པེ་ཅིང་གྲོང་ཨུད་ཀྱིས་གྲོང་ཨུད་ཀྱི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་དང་། གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ། གྲོང་ཁྱེར་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་བཅས་འཚོགས་པ་བརྒྱུད། འཆར་འགོད་བསམ་ཕྱོགས་ལ་ཞིབ་འཇུག་དང་། ལས་ཀའི་ཇུས་གཞི་བཟོ་བ། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ལག་བསྟར་ཇུས་གཞི་དང་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་ཇུས་གཞི་བཟོས་པ་དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཚན་ཁག་གིས་དཔེ་ཀློག་འཛིན་གྲྭ་གཉེར་ནས་གཅིག་སྡུད་སློབ་སྦྱོང་དང་། སྤེལ་རེས་བགྲོ་གླེང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། བརྟག་དཔྱད་ཞིབ་འཇུག་སོགས་བྱས་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པར་དཔེ་སྟོན་དང་མིག་དཔེ་སྟོན་པ། རིགས་གཞུང་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་བཅོས་སྒྲིག སྒྲིག་སྲོལ་ལམ་ལུགས་འཛུགས་པ་སོགས་ཕྱོགས་5ཡི་དམིགས་ཚད་བླང་བྱ་གཞིར་བཟུང་གྲོང་ཁྱེར་ཡོངས་ཀྱི་ཞིབ་ཕྲའི་བྱེད་ཐབས་21དང་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་བཀོད་སྒྲིག་ཞིབ་ཚགས་སུ་བཏང་ཡོད།
ཐེན་ཅིན་གྲོང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་གྲོང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ། གྲོང་ཁྱེར་ཡོངས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི་དང་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྒྲིག་འཛུགས་བྱས་ནས་གཉེར་བ་དང་། མ་རྩོམ་ལྟ་བ་དང་མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་བེད་སྤྱོད་གང་ལེགས་བྱེད་རྒྱུ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་པ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། གཅིག་སྡུད་ཀྱི་སློབ་གསོ་སྤེལ་བའི་ཉམས་མྱོང་ལྡན་པའི་བློ་མཐུན་སྐོང་འཐེན་བྱས་ཏེ། ཁག་དང་པོའི་གྲོང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་26བཙུགས་ནས་ཚོགས་ཆུང་རེར་མི་6ནས་7བར་བྱས་ཏེ་ཚན་པ་7ནས་9བར་ལ་མཛུབ་ཁྲིད་བྱེད་འགན་འཁུར་བ་དང་ཚན་པ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་བྱེད་རྒྱུའི་སྐུལ་འདེད་བཏང་ཡོད།
ཧོ་པེ་ཞིང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་སྒྲིལ། བྱ་སྤྱོད་གཅིག་གྱུར་བཅས་བྱས་པ་དང་། ཞིང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་དང་ཞིང་ཨུད་རྒྱུན་ལས་ཨུ་ལྷན་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་ཀའི་ཇུས་གཞི་སོགས་ལས་ཀའི་ཇུས་གཞི་6ལ་གྲོས་ཞིབ་བྱས་པ་དང་། ལས་དོན་ཚང་མ་ཅི་ཞིག་སྒྲུབ་པ་དང་། ཇི་ལྟར་སྒྲུབ་པ། སུས་སྒྲུབ་པ་བཅས་བྱ་རྒྱུར་དུས་ཚོད་རེའུ་མིག་དང་། ལས་འགན་ཡི་གེ ཨར་ལས་དཔེ་རིས་བཅས་བཟོས་ཡོད། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ལས་ཀའི་ལག་དེབ་བཟོས་པ་དང་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ཏེ་ཕྱོགས་9ཡི་ཐད་ཀྱི་ལས་འགན་གཙོ་བོ་བཏོན་ནས་གཙོ་གནད་དོ་སྣང་བྱེད་དགོས་པའི་དོན་ཚན་གསལ་པོ་བཀོད་པ་མ་ཟད། ད་དུང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་22ཀྱང་བཙུགས་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བའི་འགན་ལེན་བྱེད་ཆེད། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གཞི་རྩའི་ནུས་པ་ཆེ་རུ་གཏོང་བ་དང་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བྱེད་ཐབས་ཇུས་འགོད་ཡག་པོ་བྱས་ཡོད།
ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྔོན་ཇུས་ནན་ཏན་ངང་བཟོ་བ་དང་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཞིབ་ཚགས་བྱས་ཏེ“སྣེ་ཁྲིད་དྲུག་དང་ཁག་གཅིག་རེ་དྲུག”གི་ཐོག་མའི་ལས་ཀའི་བསམ་ཕྱོགས་བཏོན་པ་དང་། ཞིབ་ཕྲའི་ལས་འགན་ཁག་31ཞིབ་ཚགས་སུ་བཏང་བ། མཉམ་འདྲེས་དམ་ཟབ་དང་སྡེབ་གཅིག་ལ་སྐུལ་འདེད་བཏང་བ། དུས་ཚོད་རེའུ་མིག་དང་། ལས་འགན་ཡི་གེ ཨར་ལས་དཔེ་རིས་བཅས་ཁ་གསལ་བཟོས་པ། བརྟག་དཔྱད་ཞིབ་འཇུག་གི་ལག་བསྟར་ཇུས་གཞི་བཟོས་ནས་བཀྲམ་སྟེ་ཀྲུང་དབྱང་གི་ལས་ཀའི་ཇུས་གཞིའི་ཕྱོགས་12ཐད་ཀྱི་བརྟག་ཞིབ་ནང་དོན་ལ་དམ་པོར་དམིགས་པ་དང་། “ལས་འགན་ཆེ་གྲས་ལྔ”དང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི“དཔེ་བཟང་རང་སྐྱོང་ལྗོངས”ཀྱི་དོན་ཆེན་གཉིས་ལ་གཙོ་གནད་དུ་དམིགས་ནས་དོན་འཁྱོལ་བྱས་པ། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་37གྱིས་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་བརྟག་ཞིབ་བྱ་གཞི་38སྣེ་ཁྲིད་ཀྱིས་བཏོན་པ་དང་འབྲེལ་བརྟག་དཔྱད་ཞིབ་འཇུག་ཀྱང་བྱས་པ་རེད།