དབུ་ཤོག>ཆེད་སྒྲིག
  • དབང་ཧའེ་ཀྲོའུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭར་ཕེབས་ནས་ཟུར་ཁྲིད་སྙན་ཞུ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-27

    ཚེས་24ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུས་ཀྲང་དབང་ཧའེ་ཀྲོའུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་དཔེ་ཀློག་འཛིན་གྲྭར་ཕེབས་པ་དང་འབྲེལ་ཆེད་དོན་ཟུར་ཁྲིད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་འབྲེལ་ཡོད་བློ་མཐུན་དང་པུའུ་ལས་ཁུངས་དང་དེ་བཞིན་ཁོངས་གཏོགས་ཁེ་ལས་དང་བྱ་གཞག་ཚན་པའི་ཏང་ཡོན་དང་ལས་བྱེད་པ་སློབ་སྦྱོང་བྱེད་སྒོར་ཞུགས་པ་རེད།

    དབང་ཧའེ་ཀྲོའུ་ཡིས། དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་སྤྱིའི་བླང་བྱ་དང་། འགན་འཁྲི་དང་ལས་འགན། རྩ་བའི་གཞི་འཛིན་ས། མཛད་ཕྱོགས་རྩ་དོན་དང་དམིགས་ཚད་ལས་འགན་བཅས་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས། རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཏན་ཏིག་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པ་ཤར་ཚུན་གྱི་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་ངོས་འཛིན་དང་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ། དེའི་ཁྲོད་ནས་ཞུམ་མེད་མདུན་སྐྱོད་དང་མཐུན་སྒྲིལ་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། འཐབ་རྩོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། གཞུང་འཁྱོངས་གསར་གཏོད་བྱེད་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། རང་ངོས་གསར་བརྗེ་བྱེད་ཕོད་པ། དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། གྲངས་འཛིན་ཅན་གྱི་ནུས་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་གསར་པ་ཟམ་མི་ཆད་པར་སྐོང་བ། ཏང་ཆེན་པོའི་དམིགས་བསལ་གྱི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་སོགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གཞུང་འཁྱོངས་གསར་གཏོད་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཏན་ཏིག་ཁུར་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།