ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཚུགས་གནས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།
ཉིན་ཤས་གོང་། ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས་བརྟག་ཞིབ་དང་སྒྲོག་འགྲེལ་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གཉིས་བཙུགས་ནས་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི། ལྷོ་ཁ། གཞིས་རྩེ་སོགས་སུ་སྔ་རྗེས་སུ་ས་གཤིས་རྩད་ཞིབ་མ་ལག་ཁ་འགྲེམས་བཀོད་སྒྲིག་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་དང་འདས་པོའི་ཁྱིམ་དུ་བསྐྱོད་དེ་དུད་ཚང་དུ་བརྟག་ཞིབ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྒྲོག་འགྲེལ་དང་། དེ་བཞིན་དྲོ་སྐྱིད་སྦྱིན་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། ཁྱིམ་ཚང་རེར་སླེབས་རིམ་བཞིན་ལས་དོན་ཚོགས་ཆུང་གི་མི་སྣས་བློ་མཐུན་རྒན་གྲས་དང་འདས་པོའི་ནང་མི་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ་ཁོང་ཚོའི་གཟུགས་པོའི་གནས་ཚུལ་དང་། ཁྱིམ་ཚང་གི་དཀའ་ངལ། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་འདྲི་རྩད་ཞིབ་ཕྲ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་དང“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་སྒྲོག་འགྲེལ་བྱས་པ། ས་གཤིས་རྩད་ཞིབ་ཅུས་ཏང་ཙུའུ་ཡིས་བློ་མཐུན་རྒན་གྲས་དང་དེ་བཞིན་འདས་པོའི་ནང་མིར་བྱམས་བརྩེའི་ཐུགས་ཁུར་དང་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་རྒན་ཡོལ་ཞུས་པའི་བློ་མཐུན་དང་འདས་པོའི་ནང་མི་ཚང་མའི་སེམས་ལ་ཏན་ཏིག་ཟུག་པར་བྱས་པ་རེད།
ཉིན་ཤས་གོང་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཐིང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བ་དེ་བསམ་བློ་གཅིག་གྱུར་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་དང་ལྗོངས་ཡོངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཤུགས་ཆེར་ཏན་ཏིག་བཏང་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ལ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་སྐུལ་འདེད་བཏང་བ་རེད།
ཉེ་ཆར་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བརྟན་པོ་བཅངས་ནས་ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ། བྱ་ཐབས་དངོས་བཅས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བར་སྐུལ་སློང་བྱས་པ་རེད། ཚོགས་འདུའི་ཐོག ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བཙུགས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་ལྗོངས་ཏང་ཨུད་ཀྱིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་འདི་ལོའི་གཙོ་གནད་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
ཟླ་4ཚེས་25ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས་པ་རེད། ཟུར་ཁྲིད་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ལེའོ་ཁེན་གྱིས《དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་སྒྲོན་གནང་བ་རེད། ཟུར་ཁྲིད་ཚོགས་འདུའི་ཐོག ཚགས་པར་ལས་ཁུངས་ཀྱི་གོང་འོག་ཚང་མས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དེ་མིག་སྔའི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ལས་ཁུངས་སྒྱུར་བཅོས་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་བཏང་སྟེ་སློབ་སྦྱོང་གི་ཕན་འབྲས་དེ་གསར་འགྱུར་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་ཏན་ཏིག་བསྒྱུར་དགོས་ཞེས་ནན་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གསུམ་པ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
ཉིན་ཤས་གོང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱིས“སྒྲིག་འཛུགས་སྐུལ་འདེད་དང་། སློབ་སྦྱོང་བགྲོ་གླེང་། ཕན་འབྲས་གཞན་སྒྱུར། སློབ་གསོ་དྲིལ་བསྒྲགས། ཁོར་ཡུག་གཏོད་པ”བཅས་ཕྱོགས་ལྔར་དམིགས་ནས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་འཐབ་འདོན་ཇུས་འགོད་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས་པ་རེད། ལོ་འཁོར་གྱི་ལས་ཀའི་འཆར་གཞི་དང་གཙོ་གནད་ལས་འགན་དང་ཟུང་འབྲེལ་གྱིས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི“གཏན་འབེབས་བྱ་སྤྱོད”དང“རང་འདེམས་བྱ་སྤྱོད”ཟུང་འབྲེལ་དམ་ཟབ་ཀྱིས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་29དང་ཁོངས་གཏོགས་ཀྱི་གྲོང་ཁྱེར(ས་ཁུལ)ཅུས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་གཏུག་མི་སྣ་གཏན་འཁེལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱས་པ་དང་། དཔེ་ཀློག་འཛིན་གྲྭ་དང་། བགྲོ་གླེང་ཚོགས་འདུ། རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བཅས་བྱས་པ་བརྒྱུད་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས“རིམ་གསུམ་མཉམ་འབྲེལ་སློབ་ཁྲིད”བྱེད་སྒོ་སྤེལ་བ་དང་། ཁྲལ་དོན་ཆེད་དོན་དྲ་བ་དང་། སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ལས་སྟེགས་དང་། གཞུང་སྒྲུབ་བར་ཁྱམས། ཏང་ཡོན་བྱེད་སྒོ་ཁང་སོགས་གཞི་རྟེན་དུ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་དྲིལ་བསྒྲགས་བྱས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཁྲལ་དོན་ཁོངས་གཏོགས་ཀྱི་གོང་ནས་འོག་བར་གོམ་སྟབས་གཅིག་མཚུངས་ཡོང་བའི་འགན་ལེན་བྱས་པ་རེད།