དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཏང་ཙུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་སྤེལ་རེས་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-26

    ཚེས་24ཉིན་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོཌ་ཡིན་པའི་ཝང་ཀང་གིས། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཏང་ཙུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་སྤེལ་རེས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཆེད་དོན་ཟུར་ཁྲིད་ཀྱང་གནང་བ་རེད། དེའི་དམིགས་ཡུལ་ནི་བློ་སྐྱེད་དང་མྱོང་ཚོར་ཕན་ཚུན་སྤེལ་རེས་དང་། སློབ་སྦྱོང་གི་གྲུབ་འབྲས་ལ་བརྟག་བཤེར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོ་ཚོགས་འདུར་ཞུགས་པ་དང་འབྲེལ་མཛུབ་ཁྲིད་ཀྱང་གནང་བ་རེད།

    བགྲོ་གླེང་ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་ཡོངས་ཀྱི་བློ་སྟོབས་གཅིག་གྱུར་བྱེད་པའི་བྱ་སྤྱོད་དང་ཐོག་མཐའ་བར་གསུམ་དུ་ཏང་གི་གོང་བུ་སྒྲིལ་ནུས་དང་དམག་འཐབ་བྱེད་ནུས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་གོ་དོན་རྟོགས་པར་བྱེད་པ། ཆབ་སྲིད་ཀྱི་མོས་པ་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་ཁུར་སེམས་ཆེ་རུ་གཏོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་ཐུབ་པ་བཅས་བྱེད་དགོས་པ་དང་། “5+1”གི་དམིགས་ཚད་བླང་བྱས་འགན་འཁྲི་དོན་འཁྱོལ་ལ་ཁྲིད་སྟོན་བྱེད་པ་དང་། དངོས་འཛིན་དངོས་སྒྲུབ་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་བ། རང་ངོས་འཛུགས་སྐྱོང་གིས་ཞབས་ཞུར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྲིད་གྲོས་ལས་ཁུངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འགན་ལེན་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྣམ་པ་གསར་པའི་ཐོག་ནས་སྲིད་གྲོས་ལས་དོན་གྱི་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།