དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》 སྐོར་གྱི་དྲི་བ་དྲིས་ལན། (13)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-26

    ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཞི་བདེ་ཡུན་བརྟན་དང་། ཐུན་མོང་དར་རྒྱས་ཀྱི་ཞི་མཐུན་འཛམ་གླིང་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཞི་བདེ་ཡུན་བརྟན་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་པར་སྐུལ་འདེད་གཏོང་དགོས་ལ་བཟོ་བཅོས་རྒྱག་དོན་གང་ཡིན་ནམ།

    ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་བུ་ཉེར་བཞི་པའི་ནང“ཞི་བདེ་ཡུན་བརྟན་དང་ཐུན་མོང་དར་རྒྱས་ཀྱི་ཞི་མཐུན་འཛམ་གླིང་བསྐྲུན་པར་སྐུལ་འདེད་གཏོང་དགོས”ཞེས་པ་དེ“ཞི་བདེ་ཡུན་བརྟན་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་པར་སྐུལ་འདེད་གཏོང་དགོས”ལ་བཟོ་བཅོས་བརྒྱབ་ཡོད། བཟོ་བཅོས་དེ་ལྟར་རྒྱག་དོན་ནི་གཙོ་བོ་གཤམ་གསལ་ལ་བསམ་གཞིགས་བྱས་ཡོད།

    “ཞི་བདེ་ཡུན་བརྟན་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་དགོས”ཞེས་པའི་གྲོས་འགོ་གལ་ཆེན་དེ་2017ལོའི་ཟླ་1ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་ནེ་ཝའི་དབན་གོ་ཕོ་བྲང་དུ“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པར་མཉམ་དུ་གྲོས་བསྡུར་བྱེད”ཅེས་པའི་རིམ་མཐོའི་ཚོགས་འདུར་ཞུགས་སྐབས་ཐོག་མར་བཏོན་གནང་བ་ཞིག་རེད། གྲོས་འགོ་གལ་ཆེན་དེའི་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད་པས། དེ་ཉིད་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། གྲོས་འགོ་གལ་ཆེན་དེ་བཏོན་མ་ཐག་རྒྱལ་ཁབ་ཕྱི་ནང་དུ་ཚད་མཐོའི་གདེང་འཇོག་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་རྒྱལ་སྤྱིའི་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་ཡིག་ཆའི་ནང་ཐེངས་མང་བཀོད་དེ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་རྒྱ་ཆེ་གཏིང་ཟབ་ཐེབས་ཡོད། ད་ཐེངས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་སྐབས་སྔར་ཡོད་ཀྱི“ཞི་བདེ་ཡུན་བརྟན”དང“ཐུན་མོང་དར་རྒྱས”ཀྱི་རྨང་གཞིའི་ཐོག“ཡོངས་ཁྱབ་བདེ་འཇགས”དང་། “སྒོ་དབྱེ་བསྟུན་མཁས”“དྭངས་གཙང་མཛེས་སྡུག”བཅས་བསྣན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོས་འགོ་གལ་ཆེན་འདིར་ཆ་ཚང་བའི་གསལ་བཤད་བྱས་པ་ནི་དུས་ལ་བབས་པ་དང་དགོས་ངེས་ཤིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད།

    དང་པོ། ཡོངས་ཁྱབ་བདེ་འཇགས་ལས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེ་འཇགས་དང་བརྟན་ལྷིང་ལ་བཅངས་པའི་ཐུན་མོང་གི་རེ་སྒུག་ཟབ་མོ་མཚོན་པར་བྱས་ཤིང་། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། མིའི་རིགས་ནི་ཁ་འབྲལ་དུ་མི་རུང་བའི་བདེ་འཇགས་ཀྱི་ཐུན་མོང་གི་སྒྲིག་གཞི་རེད། འཛམ་གླིང་གི་བདེ་སྡུག་མཉམ་མྱོང་ལ་སྐུལ་འདེད་གཏོང་ཆེད། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་བརྩི་འཇོག་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་འཇམ་འཐབ་ཀྱི་བསམ་བློ་དོར་ནས་ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱེད་པ་ལས་ཚོགས་པའི་ཆབ་སྲིད་དང་དཔུང་ཁག་གི་ཁ་གཏད་དུ་ལངས་མི་རུང་བ། རྒྱལ་ཁབ་ཁག་གིས་ལུགས་མཐུན་ངང་བདེ་འཇགས་ལ་མཐོང་ཆེན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་དང་ཁ་འབྲལ་ཐབས་མེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དོ་མཉམ་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་བཙུགས་ནས་རྒྱལ་ཁབ་དེ་གའི་བདེ་འཇགས་རྒྱལ་ཁབ་གཞན་དག་གི་བདེ་འཇགས་མིན་པའི་རྨང་གཞིའི་ཐོག་འཛུགས་པར་ངོ་རྒོལ་བྱེད་དགོས་པ། གླེང་མོལ་དང་གྲོས་མཐུན་ལ་བརྟེན་ནས་ཞི་བདེའི་ཐབས་ལམ་བརྒྱུད་རྒྱལ་ཁབ་དབར་གྱི་མི་མཐུན་པའི་ཆ་དང་རྩོད་གཞི་ཐག་གཅོད་མཐའ་འཁྱོངས་བྱས་ཏེ་ཉེན་ཁ་མཐའ་དག་ཞི་བའི་ངང་ཐག་གཅོད་ཡོང་བར་ཕན་པའི་འབད་བརྩོན་བྱེད་པར་རྒྱབ་སྐྱོར་དང་། ཚད་གཞི་ཉིས་བརྩེགས་མི་འཛིན་པ་དང་ཕྱོགས་རྐྱང་པའི་བཀག་སྡོམ་དང“ལག་རིང་པོའི་བདག་ཁོངས”གང་བྱུང་དུ་སྤྱོད་པར་ངོ་རྒོལ། སྲོལ་རྒྱུན་གྱི་ཁྱབ་ཁོངས་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྤྱི་འདོམས་སྲུང་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ས་ཁུལ་གྱི་རྩོད་གཞི་དང་། འཇིགས་སྐུལ་རིང་ལུགས། གནམ་གཤིས་འགྱུར་ལྡོག དྲ་རྒྱའི་བདེ་འཇགས། སྐྱེ་དངོས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཐུན་མོང་ཁ་གཏད་གཅོག་དགོས།

    གཉིས་པ། སྒོ་དབྱེ་བསྟུན་མཁས་ལས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་མདུན་སྐྱོད་སྒུལ་ཤུགས་གསལ་སྟོན་གཏིང་ཟབ་བྱས་ཤིང་། མིའི་རིགས་ཀྱི་ཤེས་དཔལ་གྱི་སྣ་མང་རང་བཞིན་ནི་འཛམ་གླིང་གི་གཞི་རྩའི་ཁྱད་ཆོས་རེད་ལ། མིའི་རིགས་ཡར་རྒྱས་འགྲོ་བའི་འབྱུང་ཁུངས་ཀྱང་རེད། འཛམ་གླིང་ཐོག་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་དང་། མི་རིགས་2500ལྷག་ཙམ་ཡོད་པ་དང་ཆོས་ལུགས་ཀྱང་མི་འདྲ་བ་མང་པོ་ཡོད། ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བ་དང་མི་རིགས་དང་གོམས་སྲོལ་མི་འདྲ་བ་ལས་ཤེས་དཔལ་མི་འདྲ་བ་སྐྱེད་སྲིང་བྱས་ཡོད། ཤེས་དཔལ་དར་ཞིང་མིའི་རིགས་ཡར་རྒྱས་ཡོང་དགོས་ན། མཐུན་པ་ཡོང་ཐབས་དང་། མི་མཐུན་སོར་འཇོག སྒོ་དབྱེ་བསྟུན་མཁས། ཤེས་དཔལ་སྤེལ་རེས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་འཛིན་བཅས་དང་ཁ་འབྲལ་ཐབས་མེད། ལོ་རྒྱུས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་གྱིས་གྲུབ་འབྲས་ཁྱད་པར་ཅན་མཉམ་དུ་གཏོད་པ་དང་ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་དང་ཕན་ཚུན་སྤེལ་རེས་བྱས་ཏེ། ཐུན་མོང་ཐོག་མིའི་རིགས་འཕེལ་རྒྱས་ལ་བསམ་པའི་སྟོབས་ཤུགས་འདོན་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། དེས་ན་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་འཛམ་གླིང་ནི་སྣ་མང་ཕུན་སུམ་ཚོགས་པོ་དང་ཤེས་དཔལ་ནི་འདྲ་མིན་སྣ་ཚོགས་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། མིའི་རིགས་ཀྱིས་བཏོད་པའི་ཤེས་དཔལ་སྣ་ཚོགས་ཀྱི་འོད་མདངས་ཕན་ཚུན་འཕྲོ་རེས་བྱེད་པ་དང་། མཛེས་སྡུག་རྣམ་པར་བཀྲ་བའི་དཔེ་རིས་འགོད་པ། འཚོ་བ་དངོས་ཀྱི་རིག་གནས་ཀྱི་བཀག་རྒྱ་ཐུན་མོང་མེད་པར་བཟོ་བ། མིའི་རིགས་ཀྱི་སེམས་ཁམས་སྐུལ་རེས་ལ་འགོག་རྐྱེན་བཟོ་བའི་ནོར་འཁྲུལ་གྱི་འདུ་ཤེས་ཐུན་མོང་ཐོག་བཀག་འགོག་བྱེད་པ། མིའི་རིགས་ཕན་ཚུན་འགྲོ་འོང་གི་འཁོན་སེམས་དང་འགལ་ཟླ་ཐུན་མོང་ཐོག་སེལ་བ་བཅས་བྱས་ནས་ཤེས་དཔལ་སྣ་ཚོགས་འཆམ་མཐུན་མཉམ་གནས་དང་མི་ཚང་མར་རིག་གནས་ཀྱི་འཚོ་བཅུད་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།

    གསུམ་པ། དྭངས་གཙང་མཛེས་སྡུག་དེས་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འགན་འཁྲི་གཏིང་ཟབ་མཚོན་པར་བྱས་ཤིང་། མི་དང་རང་བྱུང་ཁམས་མཉམ་འཚོ་མཉམ་གནས་བྱེད་པར་མིའི་རིགས་ཀྱིས་རང་བྱུང་ཁམས་བེད་སྤྱོད་དང་རང་བྱུང་ཁམས་སྒྱུར་བཀོད་བྱེད་ཆོག་མོད། འོན་ཀྱང་མཐར་གཏུགས་ནས་བརྗོད་ན་འདི་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་པས། ངེས་པར་དུ་རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ་ལས་རང་བྱུང་ཁམས་ལས་ལྡོག་པར་བྱེད་མི་ཆོག རང་བྱུང་ཁམས་ལ་གཏོར་སྐྱོན་བཏང་ན་མཐར་མིའི་རིགས་ལ་གནོད་ཚེ་ཕོག་ངེས་རེད། བཟོ་ལས་ཤེས་དཔལ་གྱི་དུས་སུ་སླེབས་ཚུན། མིའི་རིགས་ཀྱིས་སྔར་བྱུང་མྱོང་མེད་པའི་དངོས་པོའི་འབྱོར་པ་བཏོད་པ་དང་ཆབས་ཅིག རང་བྱུང་ཐོན་ཁུངས་ཧམ་བཟུང་བྱེད་མགྱོགས་སུ་བཏང་བས། སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ཛ་དྲག་ཏུ་སོང་ཡོད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དུས་བབ་ཛ་དྲག་པའི་མདུན་དུ་འཛམ་གླིང་རྒྱལ་ཁབ་ཁག་གིས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མཐའ་འཁྱོངས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱེད་པ། བུ་རབས་ཚ་རྒྱུད་ལ་ཚད་མཐོའི་འགན་སེམས་འཆང་བ། ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག རྒྱུན་མཐུད་ཆོག་པ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་དོ་སྙོམས་སྐུལ་འདེད་གཏོང་བ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་རང་འགུལ་ངང་ཁ་གཏད་ཧུར་ཐག་གཅོག་པ། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་དང་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པ་བཅས་བྱས་ནས་མིའི་རིགས་འཚོ་གནས་བྱེད་སའི་སའི་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་གལ་ཆེན་དེ་ལས། ཀྲུང་གོ་གུང་ཁྲན་ཏང་མིའི་གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་འཛམ་གླིང་ལ་བཅངས་པའི་བརྩེ་སེམས་གང་ལེགས་མངོན་བཞིན་ཡོད། དེ་ནི་རང་རེའི་ཏང་གིས་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་པའི་འབོད་སྐུལ་གལ་ཆེན་གཞན་ཞིག་རེད། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་བཟོ་བཅོས་དེ་ལྟར་བརྒྱབ་པ་ལས། རང་རེའི་ཏང་གི་ཕྱི་ཕྱོགས་ལས་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་དང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་གི་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་སྐུལ་འདེད་ཐེབས་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།