དབུ་ཤོག>ཆེད་སྒྲིག
  • གཙོ་གནད་རྣམ་གྲངས“མགྱོགས་པོ་བསྐྲུན”ཏེ་གཏན་འཇགས་མ་འཇོག“འགོ་འཛུགས་བཀྲ་ཤིས”ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-26

    འདི་ལོ་ནི་བོད་ཀྱིས་མ་འཇོག་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ལོ་ཞིག་ཡིན་ཞིང་། ལྗོངས་ཡོངས་སུ་གཙོ་གནད་རྣམ་གྲངས་191བཀོད་སྒྲིག་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་1430གཏོང་རྩིས་ཡོད་པ་དེ་དག་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མཐའ་སྟོབས་མཐའ་བརྟན། དམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་ཀྱི་ཐད་དང་འབྲེལ་བ་ཡོད་པ་རེད།

    ལོ་སྟོད་ཚུན་དུ། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཤུགས་ཆེན་བྱས་ནས། 《2023ལོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འཆར་གཞི》དང《2023ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལས་གྲྭའི་བྱ་སྤྱོད་ཇུས་གཞི》སྔ་རྗེས་སུ་བཀྲམ་པ་དང་། དུས་ཚིགས་དང་པོའི་མ་འཇོག་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་འགན་འཁྲི་སྔར་བས་ཁ་གསལ་དང་བྱ་ཐབས་སྔར་བས་ཞིབ་ཕྲ་བཟོས་ཏེ་གཙོ་གནད་རྣམ་གྲངས་ཀྱི་འཆར་གཞི་དོན་འཁྱོལ་བྱས་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཁག་98ལས་འགོ་བསྐྱར་དུ་ཚུགས་པར་མ་དངུལ་སྒོར་དུང་ཕྱུར་185བཏང་ཡོད། ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་སྐུལ་སྤེལ་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི“གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་180ཡན་བཏང་སྟེ་རྣམ་གྲངས་ལས་འགོ་བསྐྱར་དུ་ཚུགས་ཚད་40%ཡན་ཟིན་པའི”དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོས་ལེགས་པར་བསྒྲུབས་ནས“འགོ་འཛུགས་བཀྲ་ཤིས”བྱུང་ཡོད།

    ཕན་འབྲས་ཐོན་པའི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བའི་འགག་སྒྲོལ་བྱ་སྤྱོད་སྤེལ་རིང་། རང་སྐྱོང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་མཉམ་བཤེར་མཆན་འགོད་དང་ཆད་རུང་ཞིབ་བཤེར་མཆན་འགོད་ལམ་ལུགས་བཙུགས་ཏེ། འགོ་ཁྲིད་ཀྱི་འགན་འཁྲི་གཙང་ལེན་གྱིས་རྣམ་གྲངས་ལ་དམ་འཛིན་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འགོ་ཁྲིད་ཀྱིས་འགན་འཁྲི་གཙང་ལེན་དང་། ཆེད་དོན་འཛིན་གྲྭས་ཞབས་ཞུ། གསལ་ཐོ་ཅན་གྱི་བཀོད་གཏོང་སོགས་ཀྱི་སྐུལ་འདེད་གཏོང་བའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་འགན་གཙང་ལེན་མཁན་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ། ལྗོངས་དང་། གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་གཞུང་ཕྱོགས་མཉམ་འགུལ་དང་ཐིང་དང་ཅུས་སྡེ་ཚན་གྱི་འཕྲེད་ཕྱོགས་མཐུན་སྦྱོར་གྱི་སྐུལ་འདེད་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། ལྕག་སྐུལ་གྱི་བྱ་ཐབས་སྣ་ཚོགས་ལག་ལེན་བསྟར་བ་བཅས་བྱས་པས“རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་བྱེད་པའི”མཉམ་ཤུགས་ཤིག་ཆགས་ཡོད།

    ས་གནས་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་དམ་འཛིན་གྱིས་མ་འཇོག་ལ་སྐུལ་འདེད་གཏོང་བའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་བཏང་སྟེ“རྣམ་གྲངས་གཙོ་བོར་འཛིན་པའི”འདུ་ཤེས་མཐའ་འཁྱོངས་དང་། ཏང་སྲིད་ཀྱི“འགོ་ཁྲིད་ཨང་དང་པོས”དངོས་སུ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ། ཆེད་སྒྲུབ་ཚན་པས་རྗེས་སྙེག་དང་། དུས་བཀག་བཀོད་གཏོང་། རྒྱུ་རྐྱེན་གཙོ་བོ་འགན་ལེན། ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་ཚིགས་དང་པོར“འགོ་འཛུགས་བཀྲ་ཤིས”ཡོང་བའི་འགན་ལེན་བྱས་ཡོད།

    དུས་ཚིགས་དང་པོའི་དམིགས་ཚད་འཕེལ་རིམ་ལ་བལྟས་ན། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་དང་། ཆུ་བེད། གཞི་རིམ་གྱི་སྲིད་དབང་རིགས་ཀྱི་རྣམ་གྲངས་བཅས་དུས་ཚིགས་དང་པོའི་མ་འཇོག་འཆར་གཞིའི་448.9%དང་། 391% 264.4%བཅས་སོ་སོར་ལེགས་སྒྲུབ་བྱུང་བ་དང་། གཞུང་ལམ་དང་། ལྗང་མདོག་བཟོ་ལས། ས་མཐོའི་ཞིང་འབྲོག་ལས་དང་དེ་བཞིན་སྐྱེ་དངོས། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ཐོན་ལས། ས་ཁང་བདག་ཁོངས་གསར་སྤེལ་དང་ཚོང་ལས་ཁྲོམ་གཞུང་། སློབ་གསོ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་རིགས། སྐྱེ་ཁམས་འཛུགས་སྐྲུན་སོགས་རྣམ་གྲངས་ཀྱི་དུས་ཚིགས་དང་པོའི་མ་འཇོག་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱུང་ཡོད།

    རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་ནི་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ་དང་། འཕར་སྣོན་བརྟན་པོ་ཡོང་བར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་མ་དངུལ་བརྟན་པོ་འཇོག་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ལ་དམིགས་ཏེ། ནུས་ལྡན་གྱི་མ་དངུལ་འཇོག་རྒྱ་ཆེ་རུ་ཧུར་ཐག་དང་རྣམ་གྲངས་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་བཏང་སྟེ་རྣམ་གྲངས་ཟམ་མི་ཆད་པར་དོན་འཁྱོལ་དང་མ་དངུལ་གཏོང་མཚམས་མི་འཇོག་པའི་འགན་ལེན་བྱས་ནས་ལོ་འཁོར་གྱི་མ་འཇོག་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།