■ འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་45འཁོར་བ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ལ་བརྩི་བ་དང་སྤྱི་ཡོངས་བརྟན་པོ་ཡོང་བ་དང་། དུས་འགྱུར་ལ་ཁ་གཏད་གཅོག་པ། རྣམ་པ་གསར་པ་གཏོད་པ་བཅས་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ། ཁ་ཕྱོགས་སྟངས་འཛིན་དང་། གཞུང་འཁྱོངས་གསར་འབྱེད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་རྒྱང་ལམ་གསར་པར་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་རྩོམ་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་21ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་45འཁོར་བ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ལ་བརྩི་བ་དང་སྤྱི་ཡོངས་བརྟན་པོ་ཡོང་བ་དང་། དུས་འགྱུར་ལ་ཁ་གཏད་གཅོག་པ། རྣམ་པ་གསར་པ་གཏོད་པ་བཅས་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ། ཁ་ཕྱོགས་སྟངས་འཛིན་དང་། གཞུང་འཁྱོངས་གསར་འབྱེད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་རྒྱང་ལམ་གསར་པར་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག《ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་། 《གཞུང་ཁོངས་དཔལ་འབྱོར་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུའི་སྐོར་གྱི་བསམ་འཆར》 《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ལས་དོན་སྒྲིག་སྲོལ》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་ཆེད་དོན་ཚོགས་ཆུང་གི་ལས་དོན་སྒྲིག་སྲོལ》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གཞུང་དོན་ཁང་གི་ལས་དོན་ཞིབ་སྲོལ》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་2023ལོའི་ལས་དོན་གཙོ་གནད》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་ནི་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་རེད། དེས་ན་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས“སུའི་ཆེད་གསར་གཏོད་དང་། སུས་གསར་གཏོད། ཅི་ཞིག་གསར་གཏོད། ཇི་ལྟར་གསར་གཏོད”བཅས་བྱ་རྒྱུར་དམིགས་པ་དང་ལམ་ལུགས་འཛུགས་སྐྱོང་ལ་དམིགས་ཏེ། ལག་རྩལ་གསར་གཏོད་ཀྱི་ཐབས་ཇུས་དང་། ཞིབ་འཇུག་གསར་སྤེལ་དང་མ་འཇོག ཚན་ཞིབ་སྒྲིག་འཛུགས། གྲུབ་འབྲས་གཞན་སྒྱུར་བཅས་ཀྱི་ཕྲེང་འབྲེལ་ཧྲིལ་པོ་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་སྲིད་ཇུས་དང་། མ་དངུལ། རྣམ་གྲངས། ལས་སྟེགས། ཤེས་ལྡན་མི་སྣ་སོགས་འགག་རྩའི་གསར་གཏོད་ཐོན་ཁུངས་ཀྱི་མ་ལག་བཀོད་སྒྲིག་བྱས་ནས། ཚན་རྩལ་གསར་གཏོད་དང་། ཐོན་ལས་གསར་གཏོད། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བཅས་ལ་སྡེབས་གཅིག་ལ་སྐུལ་འདེད་དང་ཁེ་ལས་ཀྱིས་གྲུབ་ཆ་གཙོ་བོ་བྱེད་པ་དང་ཐོན་སློབ་ཞིབ་གསུམ་ནུས་ཆེ་མཐུན་སྦྱོར་དང་མཉམ་འདྲེས་གཏིང་ཟབ་ཀྱི་གསར་གཏོད་མ་ལག་ཆགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ཏེ། ཁེ་ལས་ཀྱི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དམངས་གཉེར་ཁེ་ལས་རྒྱལ་ཁབ་ཀྱི་གཙོ་གནད་གསར་གཏོད་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ནུས་ལྡན་བྱས་ནས། འགག་རྩའི་ལྟེ་བའི་ལག་རྩལ་གསར་གཏོད་དང་ཐོག་མའི་གསར་གཏོད་ལག་རྩལ་གྱི་ཚད་བརྒལ་གལ་ཆེན་ཁྲོད་དུ་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག་གཞུང་ཁོངས་དཔལ་འབྱོར་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་གཞུང་ཁོངས་དཔལ་འབྱོར་གྱིས་འཁུར་བའི་ཕྲག་ཐོག་གི་ལས་འགན་དང་བྱེད་ནུས་ཀྱི་ངེས་གནས་ལ་གཞི་འཛུགས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་མཐོ་ཚད་ནས་འགོ་བཙུགས་ཏེ། གཞུང་ཁོངས་དཔལ་འབྱོར་གྱི་བདེ་འཇགས་ཀྱི་འགན་འཁྲི་དང་། སྤུས་ཚད་ཀྱི་གྲུབ་ཆ། རྒྱུ་ནོར་དང་ཁེ་ལས་ལ་དོ་དམ་བྱེད་སྟངས་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་གིས་ཆད་སྐྱོན་སེལ་བ་དང་། ཞན་ཆ་ལེགས་གཏོང་། རྨང་གཞི་བརྟན་གཏོང་། ལེགས་ཆ་དར་སྤེལ་བཅས་བྱས་ནས་རྩེ་རིམ་གཅིག་འདོམས་དང་། དབང་འགན་ཁ་གསལ། འཁོར་རྒྱུག་ནུས་ཆེ། ལྟ་འདོམས་ནུས་ལྡན་བཅས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་མ་ལག་ཅིག་འཛུགས་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་མཛད་ཕྱོགས་ཤིག་རེད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་། དམངས་གཉེར་ཁེ་ལས་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པར་ཚོད་འཛིན་བཟོ་བའི་ལམ་ལུགས་ཀྱི་འགོག་རྐྱེན་སེལ་བ། དམངས་གཉེར་ཁེ་ལས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དུ་ངེས་གནས་བཙལ་འཚོལ་ཡང་དག་ཡོང་བའི་ཁྲིད་སྟོན་བཅས་བྱས་ཏེ། ཁེ་ལས་རང་ངོས་ཀྱི་སྒྱུར་བཅོས་འཕེལ་རྒྱས་དང་། སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་། ཕྱོགས་སྒྱུར་རིམ་སྤོར་བཅས་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་གྱི་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱེད་པ་དང་། སྲིད་ཇུས་ལག་བསྟར་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་རྒྱག་པ། གཟིགས་སྐྱོང་སྲིད་ཇུས་ཁག་གནད་སྨིན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁེ་ལས་ལ་དཀའ་ངལ་དངོས་སེལ་རོགས་ཏན་ཏིག་བྱེད་དགོས། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དམངས་གཉེར་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་པ་རེད།
ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།