དབུ་ཤོག>ཆེད་སྒྲིག
  • སྒྲོག་འགྲེལ་གཏིང་ཟབ་བྱས། སེམས་ཤུགས་རབ་ཏུ་འཕེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-22

    སྤྱི་ཟླ་བཞི་པའི་ས་མཐོར་ཉི་འོད་རབ་ཏུ་འཕྲོ་ཞིང་གང་སར་སྤྲོ་སྣང་ལྡན་པའི་རྣམ་པས་ཁེངས། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་འདམ་བཅད་གྲོང་ཚོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་སྒྲོག་འགྲེལ་པ་བསོད་ནམས་རིན་ཆེན་གྱིས་ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་གྲོང་མི་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བཏོན་པ་དེས་ང་ཚོར་སླད་ཕྱིན་གྱི་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། ང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས། ཡུལ་མི་ཚོའི་འཚོ་བ་ལོ་རེ་བཞིན་ཡག་ཏུ་གཏོང་གི་ཡིན”ཞེས་བསོད་ནམས་རིན་ཆེན་གྱིས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས“འབྲེལ་གཏུག་བཞི་དང་འགན་གཙང་བཞིའི”ལས་ཀའི་ལམ་སྲོལ་དང་ཟུང་འབྲེལ་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཟླ་3ཚེས་23ཉིན་སྙེ་མོ་རྫོང་དུ“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་དུད་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་པའི”སྒྲོག་འགྲེལ་ཆེན་པོའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ། “སྒྲོག་འགྲེལ་དང་། རིག་རྩལ། འཕྲོད་བསྟེན། དང་བླངས་ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་རྣམ་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་། ནད་ལྟ་བ་དང་སྨན་སྟེར་བ། ནང་མི་མཉམ་འཛོམས་ཀྱི་འདྲ་པར་རྒྱག་པ་སོགས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བཅས་ལ་དྲ་ཐོག་ཁོ་ནས་ལྟད་མོ་བ་མི་ཐེངས་ཁྲི་6.13གྱི་ཡིད་དབང་འཕྲོག་ཡོད་པ་རེད།

    ཉིན་ཤས་བསྟུད་མར། རྣམ་པ་སྣ་ཚོགས་ཀྱི་སྒྲོག་འགྲེལ་བྱས་པ་བརྒྱུད་ལྷ་སའི་ཁྲོམ་གཞུང་དང་། སྡེ་ཁུལ་གྱི་སྒོ་ར་ཆེན་པོ། ཞིང་ནང་དང་མུ་ཁ་བཅས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་སར་གྱུར་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། སྒྲོག་འགྲེལ་པ་ཚོས་བབ་ཆགས་པ་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་རྣམ་པར་བརྟེན་ནས། གནས་ལུགས་ཆེན་པོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཚོའི་སེམས་ལ་ཟུག་པར་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”བསྐྲུན་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་མང་ཚོགས་ཀྱི་སྡོད་ཁང་གསར་རྐྱང་སྟར་པ་མང་པོ་དང་གཙང་སྦྲ་དོད་པའི་འགྲོ་ལམ་མང་པོ་ལས་མི་རྣམས་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་གསལ་སྟོན་བྱས་ཡོད། སྒྲོག་འགྲེལ་པ་སྐལ་བཟང་ཚེ་རིང་གིས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆར་བརྟེན་ནས་མང་ཚོགས་ལ“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་བྱེད་པའི་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས། མང་ཚོགས་ཀྱིས་སྡོད་ཁང་གསར་པ་རྒྱག་པའི་ཐད་སྔར་བས་ཤེས་རྟོགས་ཐུབ་པར་བྱས་པ་དང་འབྲེལ། ཁང་སའི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཚོས་སེམས་ཁུར་བྱེད་པའི་ཞིབ་ཕྲའི་གནད་དོན་རེ་རེ་བཞིན་ལ་ལན་བརྒྱབ་པ་རེད།

    སྙེ་མོ་རྫོང་དུ་སྒྲོག་འགྲེལ་པ་60ལྷག་ཙམ་གྱིས་དཔྱིད་རྨོད་དཔྱིད་འདེབས་རིང་ཞིང་ནང་དང་མུ་ཁར་བསྐྱོད་དེ་སྒྲོག་འགྲེལ་བྱས་པ་རེད།

    མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་ཚོར་བཅའ་སྡོད་བྱ་ཡུལ་དུ་བསྐྱོད་དེ“སྒྲོག་འགྲེལ་དང་། རིག་རྩལ། རོགས་སྐྱོར། སྤྲོ་འཕེལ་ལུས་རྩལ་བཅས་ཟུང་དུ་འབྲེལ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བས། མང་ཚོགས་ཚོའི་ཡིད་དབང་རབ་ཏུ་འཕྲོག་པ་མ་ཟད་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    བྱེད་སྒོ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ལས་བྱེད་སྒྲོག་འགྲེལ་པ་576རང་སྐྱོང་ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པས་སྒྲིག་འཛུགས་བྱས་པའི་དྲ་ཐོག་སློབ་ཚན་ནང་ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཝང་ཆང་དང་། སྒྲོལ་དཀར། ལྷག་ཆུང་སོགས་གདན་དྲངས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ། གྲོང་ཁྱེར་དང་རྫོང་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། ངོ་མཚར་ཆེ་བའི་བརྙན་ཐུང་བཟོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་སྒྲོག་འགྲེལ་ལས་དོན་དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་སྤེལ་བར་ཕན་འབྲས་བཟང་པོ་ཐོན་ཡོད། སྒྲོག་འགྲེལ་པ་ཚོས་ནང་དོན་གནད་སྨིན་ཁོང་དུ་ཆུད་པ་དང་། གྲ་སྒྲིག་གང་ལེཌ་དང་ཏན་ཏིག་ཐུབ་པར་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱེད་སྒོར་དེ་བས་སྤྲོ་སྣང་ལྡན་པ་དང་། དེ་བས་ཟབ་ཚད་ལྡན་པ། དེ་བས་མིག་རྒྱང་ལྡན་པ། དེ་བས་གཏིང་ཚད་ལྡན་པ། དེ་བས་སྤེལ་ཤུགས་ལྡན་པ་བཅས་གང་ཐུབ་བྱས་ཡོད།

    བསམ་བློ་མཉམ་འདྲེས་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན། སྟོབས་ཤུགས་བརྒྱུད་སྤྲོད་བཅས་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རང་རྟོགས་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་དང་། མཉམ་འདྲེས་འབྲེལ་མཐུད་ཀྱིས་སྦྱོང་བ་དང་། བསམ་གཞིག་གཏིང་ཟབ་ཀྱིས་གོ་བ་ལེན་པ། དོན་དངོས་དང་ཟུང་འབྲེལ་གྱིས་སྒྲུབ་པ་བཅས་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་རྗེས་སྙེག་ཚད་བརྒལ་གྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་བསྒྱུར་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དངོས་འབྲེལ་བསམ་བློར་ཟུག་པ་དང་། ལག་ལེན་ཐོག་འཁྱོལ་བ། འཕེལ་རྒྱས་ལ་ཕན་འབྲས་ཐོན་པ་བཅས་བྱས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་ལེའུ་ཧུར་ཐག་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།