དབུ་ཤོག>ཆེད་སྒྲིག
  • རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ནན་དུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-22

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚང་མས་མ་རྩོམ་ལ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། འགན་འཁྲི་ནན་དུ་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོ་འཆར་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ཟླ་4ཚེས་17ཉིན་ནས་ཟླ་4ཚེས་24ཉིན་བར། ལྗོངས་ཚོང་དོན་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཅིག་སྡུད་སྤེལ་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་བདེ་བླག་ངང་འགོ་ཚུགས་པར་སྐུལ་འདེད་ཏན་ཏིག་བཏང་བ་རེད། ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭས་ཉིན་བདུན་དང་ཕྱེད་ཀའི་དུས་ཚོད་གཅིག་སྡུད་སྤྱད་དེ་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ་དང་། མ་རྩོམ་ལྟ་བ་དང་མ་དོན་རྟོགས་པའི་ཁྲོད་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། སློབ་སྦྱོང་གི་ནང་དོན་ཐད་ཀློག་དགོས་ངེས་ཀྱི་དཔེ་དེབ་བཞི་དང་འདེམས་ཀློག་བྱ་རྒྱུའི་དཔེ་དེབ་བཞིའི་རྨང་གཞིའི་ཐོག་ཚོང་དོན་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས《ཚོང་དོན་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》སློབ་སྦྱོང་འཛིན་གྲྭའི་ནང་དོན་གལ་ཆེན་ལ་བརྩིས་ནས་སློབ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་དང་སློབ་སྦྱོང་གི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། སློབ་སྦྱོང་ནང་ཞུགས་མཁན་ཁྲོད་ཐིང་ཁོངས་གཏོགས་ཀྱི་ལས་ཐོག་ཏང་ཡོན་དང་ལས་བྱེད་པ་དང་དེ་བཞིན་ལས་བྲལ་ལས་འཁྱུར་གྱི་ཏང་ཡོན་དང་ལས་བྱེད་པ་བཅས་དཔེ་ཀློག་འཛིན་གྲྭར་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་རིགས་དབྱེ་དང་རིམ་དབྱེའི་ལས་དོན་སྤེལ་ནས་ཚོགས་མི་ཡོངས་ཞུགས་པ་དང་། མི་གཅིག་ཀྱང་མི་ལུས་པ། ཁྱོན་ཡོངས་ལ་ཁྱབ་པ། ཁུག་ཆ་མི་ལུས་པ་བཅས་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དགུ་པས་ཚོགས་འདུར་མཛུབ་ཁྲིད་བྱས་པ་རེད།

    ཉེ་ཆར་ལྗོངས་མི་སྤྱི་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར། ཏང་ཡོན་ལས་བྱེད་པ་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྣེ་ཁྲིད་འདུ་འགོད་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་དམངས་སེམས་འདུ་འགོད། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་མི་སྤྱི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་འདུ་འགོད་བཅས་སུ་བརྩི་དགོས་པ་དང་། མི་སྤྱི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་འགལ་ཟླའི་གནད་དོན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པར་བྱས་ནས། ལྗོངས་ཡོངས་ཀྱི་མི་སྤྱི་བྱ་གཞག་བརྟན་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་བླང་བྱ་བཏོན་པ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བདུན་པས་ཚོགས་འདུར་མཛུབ་ཁྲིད་བྱས་པ་རེད།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར། ཏང་ཡོན་ལས་བྱེད་པ་ཚོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གཤིས་ལ་ཞུན་བརྡར་དང་དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་རྒྱག་པ་དང་། བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་བཅོས་སྒྲིག་འཇུག་སྒོར་བརྩི་བ། གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས། འགན་འཁྲི་ནན་དུ་གཏོང་བ། འཕྲལ་མར་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ལ་དམ་པོར་དམིགས་པ། ཅུས་ཁོངས་གཏོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་སྒྲིག་གཞི་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་མང་ཚོགས་ཀྱི་ལུས་རྩལ་གྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། ལུས་རྩལ་གྱི་ཁུལ་སྟོབས་ཆེན་སྐྲུན་པ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དགུ་པས་ཚོགས་འདུར་མཛུབ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།