དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》 སྐོར་གྱི་དྲི་བ་དྲིས་ལན། (12)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-21

    ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བའི་ནང་དོན་ཁ་སྣོན་རྒྱག་དགོས་པའི་དོན་སྙིང་གང་ཡིན་ནམ།

    ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སྤྱིའི་རྩ་འཛིན་གྱི་དུམ་བུ་ཉེར་བཞི་པའི་ནང“ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང”དར་སྤེལ་གཏོང་བའི་ནང་དོན་ཁ་སྣོན་བརྒྱབ་ཡོད་ཅིང་། དེར་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད།

    2015ལོའི་ཟླ་9ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་བདུན་ཅུ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་སྒྲུབ་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང“ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བླ་ན་མེད་པའི་དམིགས་ཚད་ཀྱང་རེད”ཅེས་གསུངས་ཡོད། འདི་ནི་རང་རེའི་ཏང་གིས་མིའི་རིགས་ཡོངས་ཀྱི་ཐུན་མོང་་རིན་ཐང་གསལ་པོར་འདོན་ཐེངས་དང་པོ་ཡིན། དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་ཤུགས་ཆེན་ཐེངས་མང་བཏང་གནང་བ་དང་འབྲེལ་རྒྱལ་ཁབ་ཕྱི་ནང་གི་ཁས་ལེན་ཡང་རྒྱ་ཁྱབ་ཐོབ་ཡོད། ཆོད་གཏམ་གལ་ཆེན་དེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཨང་གསུམ་པའི་ནང་དུའང་བཀོད་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་འཛམ་གླིང་ཡོངས་ལ་ཟོལ་མེད་ཀྱི་རེ་འབོད་བསྐྱར་དུ་བྱས་པ་གཤམ་གསལ་ཏེ། “འཛམ་གླིང་རྒྱལ་ཁབ་ཁག་གིས་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱས་ནས་ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་འགལ་ཟླ་སེལ་བ་དང་། ཤེས་དཔལ་དཔྱད་གཞིར་བཟུང་ནས་ཤེས་དཔལ་གྱི་གདོང་ཐུག་ལས་སྒྲོལ་བ། ཤེས་དཔལ་མཉམ་གནས་ཡོང་བར་བྱས་ཏེ་ཤེས་དཔལ་གྱི་ལེགས་ཆ་འདོན་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཐུན་མོང་ཁ་གཏད་གཅོག་དགོས”

    དང་པོ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་བ་ལས་རང་རེའི་ཏང་གི་ཆེས་མཐོའི་ཕུགས་བསམ་དང་མཐའ་མའི་དམིགས་ཚད་མངོན་འགྱུར་བྱེད་པའི་ནང་གནས་ཀྱི་བླང་བྱ་གང་ལེགས་མཚོན་ཡོད། རང་རེའི་ཏང་གི་ཆེས་མཐོའི་ཕུགས་བསམ་དང་མཐའ་མའི་དམིགས་ཚད་ནི་གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པ་དེ་ཡིན་པས། ང་ཚོས་ཆེས་མཐོའི་ཕུགས་བསམ་དང་མཐའ་མའི་དམིགས་ཚད་འདི་མངོན་འགྱུར་ཡོང་བར་ཡིད་ཆེས་བརྟན་པོ་ཡོད། ཆེས་མཐོའི་ཕུགས་བསམ་དང་མཐའ་མའི་དམིགས་ཚད་འདི་མངོན་འགྱུར་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་བྱ་གཞག་རླབས་པོ་ཆེའི་ནང་ཞུགས་པའི་སེམས་ཐག་བཅད་པ་མ་ཟད། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ཡང་འབད་འབུངས་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་ཐོག་ནས་རང་རེའི་ཏང་གི་ཆེས་མཐོའི་ཕུགས་བསམ་དང་མཐའ་མའི་དམིགས་ཚད་མངོན་འགྱུར་བྱེད་པ་དེ་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་ལུགས་གང་ལེགས་མཚོན་པ་དང་། མིའི་རིགས་ཡར་རྒྱས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་པའི་ནང་གནས་ཀྱི་བླང་བྱ་གང་ལེགས་མཚོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་གནས་ས་རེད། བྱ་དངོས་ཐམས་ཅད་མཉམ་དུ་འཕེལ་རྒྱས་འགྲོ་བ་ལས་གཅིག་གིས་གཅིག་ལ་གནོད་མི་གྱུར། འགྲོ་ལམ་མཉམ་བགྲོད་ཡིན་པ་ལས་ཕན་ཚུན་འགལ་ཟླ་མིན། རྒྱལ་ཁབ་ཁག་གནམ་འོག་གི་ལམ་ཆེན་དུ་བསྐྱོད་ནས་ཞི་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་བྱས་ན། གཞི་ནས་དར་རྒྱས་འགྲོ་རྒྱུན་རིང་བ་དང་བདེ་འཇགས་འགན་ལེན་ཐུབ་ངེས་རེད”ཅེས་བསྟན་པ་བཞིན། འདིར་བརྗོད་པའི“གནམ་འོག་གི་ལམ་ཆེན”ནི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དམིགས་ཚད་ལ་ཚད་མཐོའི་གཅིག་མཐུན་བྱུང་བའི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ཡིན།

    གཉིས་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་ནི་རང་རེའི་ཏང་གིས་གོ་ལ་ཧྲིལ་པོའི་བརྗོད་གཞི་གལ་ཆེན་ལ་ལེགས་སྐྱེས་ཕུལ་བའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་རེད། སྔར་ནས་བཟུང་ཀྲུང་ཧྭ་མི་རིགས་ལ་གནམ་འོག་སྤྱི་མཐུན་ཆེན་པོ་དང་རྒྱལ་ཁབ་མང་པོ་མཐུན་འགྲིག་ཡོང་བར་བྱེད་པའི་བླ་ན་མེད་པའི་བརྩེ་སེམས་ཡོད་ཅིང་། རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ཀྱི་ཆེད་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེད་བསྐྱར་དར་དོན་གཉེར་བྱེད་ཀྱི་ཡོད་ལ། མིའི་རིགས་ཀྱི་ཆེད་ཡར་རྒྱས་དོན་གཉེར་དང་འཛམ་གླིང་གི་ཆེད་སྤྱི་སྙོམས་ཆེན་པོ་དོན་གཉེར་ཡང་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙིང་བསྡུས་གནད་ཁེལ་དང་དར་སྤེལ་ཤུགས་ཆེན་གནང་བའི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་འདི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་དུ་རྩ་བ་ཚུགས་པ་དང་། རང་རེའི་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལག་ལེན་རླབས་པོ་ཆེ་དང་གྲུབ་འབྲས་རླབས་པོ་ཆེར་གཞི་ཚུགས་ནས། མིའི་རིགས་ཡོངས་ཐུན་མོང་ཡར་རྒྱས་ཡོང་བའི་བྱ་གཞག་རླབས་པོ་ཆེར་དམིགས་ཏེ། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་ཆེས་གཞི་རྩ་དང་ཆེས་མཛེས་སྡུག་ལྡན་པའི་རིན་ཐང་དོན་གཉེར་བྱེད་ལུགས་གཅིག་སྡུད་ཐོག་མཚོན་པ་དང་། རིན་ཐང་ཐད་ཀྱི་ཤེས་དཔལ་མི་འདྲ་བའི་མཐུན་ཆ་ཆེ་ཤོས་གང་ལེགས་མཚོན་པ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱི་ཡར་ཐོན་དགེ་བརྩོན་གྱི་དྲང་ནུས་གཏིང་ཟབ་ངང་བརྒྱུད་སྤྲོད་བཅས་བྱས་ཡོད་ཅིང་། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་བའི་དམིགས་ཚད་དང་། དམིགས་ཡུལ། རྩ་དོན་བཅས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། དེ་དང་ཆབས་ཅིག་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དེས་ནུབ་ཕྱོགས་ཀྱི“སྤྱི་མཐུན་གྱི་འདུ་ཤེས”ཟེར་བའི་སྨུག་སྤྲིན་ནུས་ཤུགས་ཡོད་རྒུས་བསལ་ནས་དེའི་མངོན་གསལ་དོད་པའི་ཀུན་འཕྲོད་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་མི་ཡུལ་གྱི་ཡང་དག་པའི་ལམ་བུ་གསལ་སྟོན་བྱས་པས། རྒྱལ་སྤྱིའི་མཉམ་ལས་དང་འཐབ་རྩོད་ཁྲོད་རང་རྒྱལ་གྱིས་ཕན་པ་དེ་བས་ཆེ་བའི་དྲང་བདེན་གྱི་མཐོ་ས་བཟུང་ནས་སྐད་ཆ་ཤོད་དབང་དེ་བས་ཆེ་བ་ཐོབ་ཡོད།

    གསུམ་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་ཚེ་མིའི་རིགས་ཀྱི་ཡར་ཐོན་གྱི་རླབས་རྒྱུན་ལ་ཁྲིད་སྟོན་ནུས་ལྡན་བྱེད་ཐུབ། མིག་སྔར། འཛམ་གླིང་ལ་ལོ་ངོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མྱུར་དུ་འགྲོ་བཞིན་ཡོད་ལ། འཛམ་གླིང་འདི་ཉིད་ཡོ་ལང་འཕོ་འགྱུར་གྱི་དུས་སྐབས་གསར་པར་ཡང་སླེབས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་ཐོག་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། ཕྱོགས་གཅིག་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་འགོག་ཐབས་མེད་པ་དང་། མི་སེམས་གཏད་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཀྱིས་མིའི་རིགས་ཀྱི་མདུན་ལམ་འོད་ཟེར་སྟོང་ལྡན་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད། ཕྱོགས་གཞན་ཞིག་ནས། ཆེར་རློམ་ཆུང་གནོན་དང་། གཡོ་ལེན་ཧམ་འཕྲོག འགྲན་འཛིང་སྟོང་པ་སོགས་བཙན་དབང་དང་། དྲག་ཐབས། བཙན་བརྙས་བཅས་ཀྱི་བྱེད་སྤྱོད་ལས་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་མང་དུ་སོང་ནས། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། འཛམ་གླིང་སླར་ཡང་ལོ་རྒྱུས་ཀྱི་ལམ་མདོ་ཁར་གནས་ཡོད་པས། གང་འདྲ་བྱེད་མིན་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་གདམ་གར་རག་ལུས་ཡོད” གདམ་ག་ཡག་ཤོས་ནི་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། སྐད་ཆ་ཤོད་རེས་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་གཉིས་ཁེ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། འབྱུང་འཕྲོད་ཐཱན་ཉུང་བཅས་མཐའ་འཁྱོངས་བྱས་ནས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད”ཅེས་བསྟན་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པ་དེས། ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཀུན་ལ་སྣེ་ཁྲིད་ནུས་ལྡན་བྱས་ཏེ་འཛམ་གླིང་གི་མིག་རྒྱང་སྔར་བས་ཡངས་སུ་གཏོང་བ་དང་། མིའི་རིགས་ཀྱི་ཡར་ཐོན་དང་འཕེལ་རྒྱས་ཀྱི་རླབས་རྒྱུན་གསལ་པོར་རྟོགས་པ། མདའ་ཤོང་མདུང་ཤོང་གི་བློ་རྒྱ་ཆེན་པོར་བརྟེན་ནས་མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱེད་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཧུར་ཐག་སློག་པ་བཅས་བྱས་ནས་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱ་ཆེད་ལེགས་སྐྱེས་འབུལ་ཐུབ་པ་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།