མི་རིང་བའི་གོང“དད་སེམས་ལ་བརྟེན་ནས་ལྷག་བསམ་གཏོད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་དང་པོའི་ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཆེད་དོན་འགྲེམས་སྟོན”ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་འཛུགས་སྐྱོང་ལོ་རྒྱུས་སྒྲིག་གཤོམ་ཁང་དུ་དངོས་སུ་སྒོ་ཕྱེ་བ་རེད། སྐབས་དང་པོའི་ཀྲུང་དབྱང་ལྟ་ཞིབ་ཨུ་ལྷན་གྱི་ཁོངས་མི་བཅུའི་ནང་བློ་མཐུན་བརྒྱད་ཀྱིས་སྔ་རྗེས་སུ་གསར་བརྗེའི་ཆེད་དུ་རང་སྲོག་བློས་བཏང་བ་དང་། མི་གཅིག་གིས་ཀྱང་གསར་བརྗེར་ངོ་ལོག་བྱས་མེད་པ་དེ་ཐོག་ནས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱས་པ་གསལ་བཤད་ཐུབ་ཡོད། ཁོང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་ཀྱིས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིར་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད།
ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་གཙོ་བོ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་བརྗོད་དོན་གཙོ་བོའི་སློབ་གསོའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པའི”ཐད་འཆད་འགྲེལ་གཏིང་ཟབ་གནང་བའི་ཁྲོད“ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས”ཞེས་རྒྱས་བཤད་གནང་སྐབས“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རང་རྟོགས་ངང་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱེད་དགོས་པའི”ནན་བཤད་གནང་ཡོད། བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་སྤྲོས་པའི་སློབ་གསོ་ཁྲིད་སྟོན་བྱས་ནས་ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་འདོད་བློས་འདོད་བློ་བྱེད་པ། ཏང་གི་འགན་འཁྲིས་འགན་འཁྲི་བྱེད་པ་བཅས་བྱས་ཏེ་སྔ་ཕྱི་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག མར་ཁེ་སི་རིང་ལུགས་ལ་ལྷག་བསམ་རྣམ་དག་བཅས་བྱེད་དགོས།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱ་རྒྱུ་མཐའ་འཁྱོངས་དང་། གཤིས་རྒྱུད་ལ་ཞུན་བརྡར་བྱས་ནས་ལྷག་བསམ་རྣམ་དག་བྱེད་ཤུགས་ཆེ་རུ་བཏང་ཚེ། གཞི་ནས་ཐུན་མོང་ཐོག་ཏང་འདི་ཉིད་འཐབ་ན་མི་རྒྱལ་བ་མེད་པའི་ངར་ལྕགས་མཁྲེགས་པོ་ཞིག་ཏུ་བསྐྲུན་ནས་ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་། སྲ་ཞིང་བརྟན་པའི་འདོད་བློ། མཐུན་སྦྱོར་གྱི་བྱ་སྤྱོད། ཤིན་ཏུ་ཆེ་བའི་འཐབ་ནུས་བཅས་མཐའ་འཁྱོངས་བྱེད་ཐུབ།
ཏང་ལ་ལྷག་བསམ་རྣམ་དག་བྱེད་པར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་ལ་གུས་བཀུར། སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་མ་ལག་དང་། སྙིང་བཅུད་ཀྱི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་པ་དང་། དགོངས་པ་འདིའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བར་སྟངས་འཛིན་ཡག་པོ་བྱེད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བཅས་བྱས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་བྱེད་དགོས།
ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་ནི་འབོད་ཚིག་སྟོང་པ་ཞིག་མིན་པ་དང་ངག་ཐོག་ནས་བརྗོད་པ་ཙམ་མ་ཡིན་པར། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱེད་དགོས་པ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ལག་ལེན་དངོས་ལ་བརྟེན་ནས་གསལ་བཤད་བྱས་ཡོད། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་བསམ་བློ་དང་བྱ་སྤྱོད་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་དག་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་དག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་པ་དག་གཏན་ནས་མི་བྱེད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་ཆ་རྐྱེན་མི་བཏོན་པ་དང་། འཐེན་སྐུམ་མི་བྱེད་པ། འགྱུར་བ་མི་གཏོང་བ་བཅས་བྱེད་དགོས། ལྷག་བསམ་རྣམ་དག་གིས་ཏང་ལ་དགའ་ཞེན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་སེམས་ཁྲལ། བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་སྲུང་སྐྱོང་། ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ་བཅས་བྱས་ཏེ་དཀའ་སྡུག་དང་། དཀའ་ངལ། འགན་འཁྲི་ལྕི་པོ། ཉེན་ཁ་བཅས་འཁུར་ཕོད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་བཅངས་པའི་ལྷག་བསམ་རྣམ་དག་མཚོན་པར་བྱེད་དགོས།
ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པར“ཏང་ལ་ལྷག་བསམ་རྣམ་དག་བྱེད་པ”ནི་འོས་འགན་ཁ་གསལ་པོ་ཞིག་ཡིན་པ་དང་། ཏང་ཞུགས་དམ་ཚིག་བསྐྱར་དྲན་བྱེད་པར“ཏང་ལ་ལྷག་བསམ་རྣམ་དག་བྱེད་པ”ནི་གཟི་བརྗིད་ལྡན་པའི་ཁས་ལེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བརྟན་པོར་འཆང་བ། ཕུགས་བསམ་དང་དད་སེམས་བརྟན་པོར་བརྟེན་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པར་ཞུན་བརྡར་སྤྲོས་པ། ནམ་ཡང་ཏང་ལ་ལྷག་བསམ་རྣམ་དག་དང་། ཏང་དང་སྐྱིད་སྡུག་མཉམ་མྱོང་། ཏང་ཆེད་རང་འགན་གཙང་སྒྲུབ། ཏང་ལ་ལེགས་སྐྱེས་འབུལ་བ་བཅས་བྱས་ཚེ། ང་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་དང་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད།