དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  •     སྤེལ་དུས།  2023-04-19

    2019ལོ། ①

    ★ ཟླ་1ཚེས་2ཉིན། 《སྤུན་ཟླ་ཐའེ་དབན་བར་སྤྲིངས་པའི་ཡི་གེ》བཀྲམ་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་དྲན་གསོའི་ཚོགས་འདུའི་ཐོག《མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད》ཅེས་པ་བཏོན་གནང་བ་རེད།

    ★ ཟླ་1ཚེས་4ཉིན། ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་ལས་དོན་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་གསུང་བཤད་གནང་ནས། དམག་ཡོངས་ཀྱིས་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་ནས་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་ཞེས་གསུངས་པ་རེད།

    ★ ཟླ་1ཚེས་15ནས་16ཉིན་བར། ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་གསུང་བཤད་གནང་བ་རེད། དེ་གོང་ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》བཀྲམ་པ་རེད།

    ★ ཟླ་1ཚེས་21ཉིན། ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱས་ཏེ་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་འགོ་འཛུགས་པའི་མཛད་སྒོའི་ཐོག་གསུང་བཤད་གནང་ནས་ཆབ་སྲིད་དང་། འདུ་ཤེས་འཛིན་སྟངས། དཔལ་འབྱོར། ཚན་རྩལ། སྤྱི་ཚོགས། ཕྱི་ཕྱོགས་ཁོར་ཡུག ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེན་པོར་དོགས་ཟོན་དང་སེལ་ཐབས་ལ་དབྱེ་ཞིབ་དང་བླང་བྱ་བཏོན་གནང་བ་རེད།

    ★ ཟླ་1ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་སུ་སྡེ་ཚན་མཉམ་འབྲེལ་གྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། ཟླ་9ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།

    ★ ཟླ་1ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། ཉིན་དེར་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་སྲོལ་ཡིག》བཀྲམ་པ་རེད།

    ★ ཟླ་3ཚེས་15ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཚོང་པའི་མ་དངུལ་འཇོག་པའི་སྐོར་གྱི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་རེད། ཟླ་12ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཚོང་པའི་མ་དངུལ་འཇོག་པའི་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་རེད།

    ★ ཟླ་3ཚེས་18ཉིན། ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་དང་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ★ ཟླ་3ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《གཞུང་ལས་པའི་གོ་གནས་དང་འགན་རིམ་མཉམ་སྒྲུབ་ཀྱི་གཏན་འབེབས》བཀྲམ་པ་རེད།

    ★ ཟླ་4ཚེས་23ཉིན། མི་དམངས་མཚོ་དམག་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་གི་དམག་གཟིགས་བྱེད་སྒོ་ཆིང་ཏའོ་རུ་འཚོགས་པ་རེད།

    ★ ཟླ་4ཚེས་28ཉིན། 2019ལོའི་ཀྲུང་གོའི་པེ་ཅིང་གི་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་འགོ་ཚུགས་པའི་མཛད་སྒོ་གཉེར་ཞིང་། ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ《འབྱུང་འཕྲོད་འཚོ་བ་མཉམ་དུ་དོན་གཉེར་བྱེད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན》ཞེས་པའི་གསུང་བཤད་ཀྱང་གནང་བ་རེད།

    ★ ཟླ་4ཚེས་30ཉིན། ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་ཤིང་། ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ★ ཟླ་5ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་ཆགས་པར་བྱེད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།

    ★ ཟླ་5ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་མ་ལག་འཛུགས་པ་དང་འབྲེལ་ལག་ལེན་བསྟར་བར་ལྟ་སྐུལ་བྱེད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་རེད།

    (རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།