ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་ལེན་བསྟར་བ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
ཀརྨ་ཚེ་བརྟན་དང་། མོང་ཞའོ་ལིན། རྡོ་རྗེ་ཚེ་གྲུབ་དང་། ཅང་ཅེ། སྒྲོལ་དཀར། ཡུས་ཡུན་ཀུའེ་བཅས་ཚོགས་འདུར་ཕེབས་པ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཟུར་ཞུགས་གནང་བ་རེད།
ཚོགས་འདུའི་ཐོག《བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ལག་བསྟར་ཇུས་གཞི》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལག་བསྟར་ཇུས་གཞི》བཅས་ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་བླང་བྱ་དང་བྱེད་སྟངས་བྱ་ཐབས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་བཅོས་སྒྲིག་བཅས་འབྲེལ་མཐུད་བྱས་ནས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་། ངེས་པར་དུ་ཚད་གཞི་དང་ཡང་ཡང་བསྡུར་བ། ངེས་པར་དུ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག ངེས་པར་དུ་ཕན་འབྲས་དངོས་ཐོན་པ། ངེས་པར་དུ་མདུན་གྲལ་དུ་སླེབས་པ་བཅས་བྱེད་དགོས། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་མཐའ་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་དང་བརྟག་དཔྱད་ཞིབ་འཇུག་ལས་འགན་གྱི་གསལ་ཐོར་དམ་པོར་དམིགས་ཏེ་དམངས་ཚུལ་ཤེས་རྟོགས་དང་དམངས་འདུན་གསལ་ཞུ་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་བཏོན་པའི“བླང་བྱ་ཁག་ལྔ”དོན་འཁྱོལ་ནན་ཏན་བྱས་ནས“མཐོར་གཏོང་ལྔ”མངོན་འགྱུར་ཧུར་ཐག་བྱེད་པར་ཕན་འབྲས་ཐོན་པ་བྱེད་དགོས། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་ཀྱིས་ཆབ་སྲིད་དང་། བསམ་བློ། འཇོན་ཐང་། སྤྱོད་ཚུལ། སྒྲིག་ཁྲིམས་སོགས་ཀྱི་མི་འདང་བའི་ཆ་འཚོལ་ཞིབ་དང་། ཧེ་བག་འཚོལ་ཞིབ། ཁ་ཕྱོགས་གསལ་སྟོན་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་འགན་འཁྲི་ནན་གཏོང་དང་། ལས་དོན་ལ་གཞོགས་འདེགས་དམ་ཟབ། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པར་སྣང་ཆེན། བྱེད་སྟངས་དང་བྱ་ཐབས་གསར་གཏོད། སྲིད་གྲོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ། སྲིད་གྲོས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་མིག་དཔེའི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་བོད་ཀྱི་སྲིད་གྲོས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།