དབུ་ཤོག>ཆེད་སྒྲིག
  • རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་གསར་འབྱེད་ཡར་བརྩོན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-18

    ཟླ་4ཚེས་11ཉིན་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ཤིང་། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚང་མས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་དང་། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས། བསམ་བློ་མང་ཙམ་གཏོང་བ་དང་ཟབ་སྦྱོང་མཐིལ་རྟོགས་མཐའ་འཁྱོངས་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། སྙིང་བཅུད་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་ནུས་ཤུགས་ཡོད་རྒུས་གསར་འབྱེད་ཡར་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད།

    བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་རྗེ་དངོས་གྲུབ་ཀྱིས“ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་ཡོངས་ཀྱི་བློ་མཐུན་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་ལེགས་གྲུབ་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ངོས་ནས་བརྗོད་ན། བརྗོད་དོན་གཙོ་བོའི་སློབ་གསོ་ཁྲིད་སྟོན་དུ་བྱས་ཏེ། ‘གཏན་འཁེལ་གཉིས’ལ་ལྷག་བསམ་ཟོལ་མེད་ངང་གོང་བཀུར་ཞུ་བ་དང‘སྲུང་སྐྱོང་གཉིས’མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ། བསམ་བློ་གསར་པར་བརྟེན་ནས་ཁ་སྒྱུར་ཕྱོགས་སྟོན་དང་ཏང་གིས་ཁྲོམ་ར་ལྟ་འདོམས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། དགོངས་པ་གསར་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། དགོངས་པ་གསར་པར་བརྟེན་ནས་གཟབ་ནན་གསལ་འབྱེད་བྱས་ཏེ་ཁྲོམ་ར་ལྟ་འདོམས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་མངོན་གསལ་དོད་པོ་རྣམས་ཐག་གཅོད་ཏན་ཏིག་བྱེད་དགོས། དགོངས་པ་གསར་པར་བརྟེན་ནས་བློ་རྩེ་གཅིག་སྒྲིམ་ངང་མདུན་སྐྱོད་བྱས་ཏེ་ཁྲོམ་ར་ལྟ་འདོམས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་བཏང་ནས་རང་ལྗོངས་ཀྱི‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞིའི’ལས་དོན་གྱི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུ་དགོས”ཞེས་བརྗོད།

    སྙེ་མོ་རྫོང་ཨུད་ཀྱི་འགན་འཁུར་བ་ཀྲའོ་ཐེ་ལིང་གིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་གོམ་གང་མདུན་དུ་སྤོས་ཚེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཀྱང་གོམ་གང་མདུན་དུ་སྤོ་དགོས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་རྫོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དང་། བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་རྒྱུ་དང་ཟུང་འབྲེལ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ཉེན། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་ཧུར་ཐག་བྱེད་པ་དང་སྙེ་མོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་ཧུར་ཐག་རྩོམ་རིང་གི་སྙེ་མོའི་འགན་འཁྲི་ཁུར་སེམས་མངོན་པར་བྱེད་རྒྱུ་ཡིན་ཞེས་བརྗོད།

    “བརྗོད་དོན་གཙོ་བོའི་སློབ་གསོར་དོན་སྙིང་གལ་ཆེན་ལྡན་ཡོད། ངས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་འཛུགས་དང་། ཏང་གཤིས་ལ་ཞུན་བརྡར་དང་ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་ཀྱི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་པ་ཁྲེན་མིང་ཧའོ་ཡིས་དེ་ལྟར་བརྗོད།

    “གྲོ་མོ་རྫོང་ནི་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ང་ཚོས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ཏེ་དགོངས་དོན་སློབ་སྦྱོང་དང་། བྱ་སྤྱོད་ཐོག་འཁྱོལ་བར་བྱས་ནས་ལས་འགན་ཁག་ཚད་གཞི་མཐོ་པོས་དོན་འཁྱོལ་བྱེད་རྒྱུ་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཨུད་ཀྱི་རྒྱུན་ཨུ་ཤར་གསིང་མ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཚུང་ཁྲའོ་ཡིས་དེ་ལྟར་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།