དབུ་ཤོག>ཆེད་སྒྲིག
  • རི་རྒོད་སྔོ་ལྗང་དུ་འགྱུར་བའི་ཆུ་འདྲེན་མདོང་ལམ་འཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-16

    འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ལས་བཟོས་བྲག་དཀར་ཞོལ་ཡུག་ཁུལ་དུ་ལྕགས་མདོང་གཙོ་བོ་ཚ་ལ་རྒྱག་སར་དབོར་བཞིན་པ།

    2021ལོར་རང་སྐྱོང་ལྗོངས་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་དངོས་སུ་ལག་ལེན་སྟར་འགོ་ཚུགས་པ་རེད། སྤྱིའི་འཆར་འགོད་ལ་གཞིགས་ན། 2030ལོར་སླེབས་སྐབས་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་རྫོང(ཆུས)9དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)35ཡིས་མུའུ་ཁྲི་206.72ཀྱི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱེད་དགོས་ཀྱི་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི“སྔོན་སྐྱོད་ལན་ཤོག”ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ལས་བྱེད་ལས་བཟོས་དཀའ་ངལ་ཁྱད་བསད་ཀྱིས་ལམ་མེད་པའི་ས་ཆར་ལམ་བཟོས་པ་དང་ཆུ་མེད་པའི་རི་རྒོད་དུ་ཆུ་འདྲེན་མདོང་ལམ་འཁྲིད་བཞིན་ཡོད།

    ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དུས་འགོའི་ལས་དོན་ཏེ། ཆུ་གློག་ལམ་དང་དེ་བཞིན་རིག་ནུས་བདག་སྐྱོང་མ་ལག་སོགས་ཀྱི་ལས་གྲྭ་འགན་འཁུར་བའི་ནང་གཙོ་བོ་རིམ་པ་དང་པོའི་ཆུ་འཐེན་ས་ཚིགས་4དང་། རིམ་པ་གཉིས་པའི་ཆུ་འཐེན་ས་ཚིགས་5 ཆུ་གསོག་རྫིང་བུ་57བཅས་སྐྲུན་དགོས་པ་དང་འགྲོ་ལམ་སྤྱི་ལེ་15.36དང་མདོང་ལམ་སྤྱི་ལེ་53.958འདིང་དགོས་པ་ཚུད་ཡོད།

    “ངེས་པར་དུ་རྣམ་གྲངས་འདི་ཡག་པོ་སྒྲུབ་དགོས། དེ་ནི་ང་ཚོ་ལྕགས་ལམ་འཛུགས་སྐྲུན་ལས་བཟོའི་ལས་གྲྭ་འཛུགས་སྐྲུན་གྱི་འཇོན་ཐང་མངོན་པ་དང་ལྕགས་ལམ་འཛུགས་སྐྲུན་ལས་བཟོའི་གཟུགས་བརྙན་གཏོད་པའི་འགག་རྩའི་དུས་སྐབས་ཤིག་རེད”ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཀུང་སི་བཞི་པ་བོད་ལྗོངས་ཡན་ལག་ཀུང་སིའི་ཅིང་ལི་ལིའུ་ཝུའེ་ཡིས་རྣམ་གྲངས་ལག་ལེན་བསྟར་མ་ཐག་པའི་སྐབས་འཛུགས་སྐྲུན་ལ་ཞུགས་མཁན་ཡོངས་ལ་འགག་སྒྲོལ་དཀའ་སེལ་དང་དཀའ་ཉེན་ལ་མ་འཛེམས་པར་ནམ་ཡང་ཨང་དང་པོ་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ས་མཐོར་འབད་འཐབ་བྱས་ཏེ། མཚན་སྙན་དང་སྤུས་དག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    2022ལོའི་ཟླ་11པར་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ལས་བཟོ་འཛུགས་སྐྲུན་ལ་ཞུགས་པ་དང་། ཉིན་10ཡི་ནང་ལས་ཡུལ་དངོས་ཀྱི་གནས་སྐབས་ལས་ཁྲི་བཟོས་ཟིན་པ་དང་འབྲེལ་འཕྲལ་མར་ཨར་ལས་བྱེད་འགོ་ཚུགས་པ་རེད།

    ས་མཐོའི་རང་བྱུང་ཁོར་ཡུག་ལས་བྱུང་བའི་ལུས་སེམས་ཀྱི་འགྲན་སློང་དང་ཨར་སྐྲུན་གྱི་དཀའ་གནད་འཕྲད་སྐབས་ཆ་སྙོམས་ལོ་30ཡང་མ་ལོན་པའི་ན་གཞོན་འཛུགས་སྐྲུན་པ་དེ་དག་གིས་རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།

    བརྩོན་འགྲུས་ཅན་ལ་བསླུ་བ་མེད། འཛུགས་སྐྲུན་ནང་ཞུགས་མཁན་ལས་བཟོ་ཡོངས་ཀྱིས་ས་མཐོའི་རི་ཁུལ་སྔོ་ལྗང་དུ་འགྱུར་བའི་ཆུ་འདྲེན་བྱེད་སྟངས་གསར་པ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ནས་དུས་ཐུང་ཟླ་བ་4ཡི་ཨར་སྐྲུན་གྱི་དུས་ཚོད་ནང་ཡུག་ཁུལ་4ལ་བདེ་བླག་ངང་ཆུ་ཤར་གཏོང་ཐུབ་ཡོད། མདོང་ལམ་མང་པོ་བཏིངས་ནས་ལྷ་ས་སྐྱིད་ཆུ་དང་རི་རྩེའི་ཆུ་གསོག་རྫིང་བུ་སྦྲེལ་ཏེ་དུས་མཇུག་ལ་སྡོང་ཕྲུག་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    “ངའི་ཕ་ཡུལ་གྱི་རི་བོ་སྔར་བས་ལྗང་བ་དང་། ཆུ་བོ་སྔར་བས་དྭངས་བ། ནམ་མཁའ་སྔར་བས་སྔོ་བ། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པ་བཅས་ཡོང་རྒྱུའི་རེ་བ་ཡོད། རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་པའི་བརྒྱུད་རིམ་ནང་ང་ཚོས་རྩལ་ནུས་མང་པོ་སྦྱངས་པ་མ་ཟད། རྒྱལ་ཁབ་ཀྱིས་རྒྱུན་མཐུད་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱེད་པ་མིག་མཐོང་ལག་ཟིན་ཐུབ་བྱུང”ཞེས་ན་གཞོན་བོད་རིགས་ལག་རྩལ་པ་པད་མ་རིག་འཛིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།