དབུ་ཤོག>ཆེད་སྒྲིག
  • དགོངས་དོན་སྦྱངས་ནས་བསམ་བློར་དྲག་ཆས་སྤྲས། ལག་ལེན་བསྟར་ནས་དོན་དངོས་སྒྲུབ་པར་བརྩོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-14

    ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱི་ཚན་པ་ཁག་གིས་བྱ་ཐབས་སྣ་ཚོགས་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་སོགས་ལ་གཙོ་གནད་བཀླགས་ནས་སྙིང་དོན་ཟབ་སྦྱོང་མཐིལ་རྟོགས་བྱས་པ་རེད། ཚང་མས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་གཅིག་གྱུར་བྱས་ནས། དེ་ལ་ལྡན་པའི་བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་མདུན་སྐྱོད་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་སྒྱུར་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    ངོ་བོ་ཁོང་དུ་ཆུད། མཐའ་གསལ་མཐིལ་རྟོགས་བྱེད།

    ཉེ་ཆར། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱིས“འབྲེལ་གཏུག་བཞི་དང་འགན་ལེན་བཞིའི”ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ཆེན་པོ་དང“གཉིས་ལྡན་དུད་སྦྲེལ”གྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། གསང་ཡིབ་སྡེ་ཁུལ་གྱི་འབྲེལ་གཏུག་དང་འགན་ལེན་བྱེད་མཁན་འགོ་ཁྲིད་ལས་བྱེད་པ་དང་། སྡེ་ཁུལ་གྱི་ལས་དོན་པ། གྲོང་མི་བཅས་ཁྱོན་300ལྷག་ཙམ་ཞུགས་ཡོད་པ་རེད།

    གསོ་སྦྱོང་ཚོགས་འདུར་གསོ་སྦྱོང་དགེ་རྒན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དེ་བཞིན་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སོགས་ལ་དམིགས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་སྤྱད་ནས་དབྱེ་ཞིབ་ཞིབ་ཚགས་དང་རྒྱས་བཤད་ལྷུག་པོ་བྱས་ཏེ་ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་དོན་སྙིང་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་གོ་བ་ལེན་པར་རོགས་རམ་བྱས་པ་མ་ཟད། དམངས་འཚོའི་བདེ་རྩ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཆང་བ། སྤོབས་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ། གཞི་རིམ་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་ཞིབ་ཕྲ་བརྗོད་ནས། ཏང་གི་སྲིད་ཇུས་བཟང་པོ་མང་ཚོགས་ལ་སྒྲོག་འགྲེལ་བྱས་ནས་ཚང་མས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། སེམས་ལ་ཟུག་པ་བཅས་བྱས་ཡོད་པ་རེད།

    ཚོགས་མིས་ཚོགས་འདུ་ནན་ཏན་ངང་ཉན་པ་དང་ཟིན་བྲིས་ཡག་པོ་བརྒྱབ་ཅིང་། ཚང་མས་སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་ལ་མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་ཀྱི་རང་བཞིན་ཆེན་པོ་ལྡན་འདུག སླད་ཕྱིན་གྱི་ལས་ཀར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་སྙིང་དོན་ཁོང་དུ་ཆུད་པ་དང་། ངོ་བོ་ཁོང་དུ་ཆུད་པ། མཐའ་གསལ་མཐིལ་རྟོགས་བཅས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་རྒྱང་ལམ་གསར་པར་འབད་པས་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྒུལ་ཤུགས་ཆེན་པོར་སྒྱུར་གྱི་ཡིན་ཞེས་བརྗོད་པ་རེད།

    ཁྱིམ་ཚང་ཀུན་གྱིས་ཤེས། སེམས་ཀྱི་གཏིང་ལ་འཇགས།

    ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ཀློག་དེབ་མང་ཚོགས་ལ་སྤྲོད་པའི”བྱེད་སྒོ་སྤེལ་ནས། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    བྱེད་སྒོ་སྤེལ་རིང་། བསྟན་རྒྱས་གླིང་སྡེ་ཁུལ་གྱིས“འབྲེལ་གཏུག་བཞི་དང་འགན་ལེན་བཞིའི”ཁོངས་གཏོགས་ཚན་པ་དང་སྡེ་ཁུལ་གྱི་ཀྲི་པུས《རྒྱང་ལམ་གསར་པར་འབད་པས་སྐྱོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད》པའི་མང་ཚོགས་ཀྱི་ཀློག་དེབ་རྩོམ་སྒྲིག་དང་དཔར་ནས། སྡེ་ཁུལ་གྱི་ལས་དོན་པ་དང“འབྲེལ་གཏུག་བཞི་དང་འགན་ལེན་བཞིའི”འགོ་ཁྲིད་ལས་བྱེད་པ་དགོན་སྡེ་དང་གྲོང་མིའི་ཁྱིམ་དུ་བསྐྱོད་དེ། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་མང་ཚོགས་མི་རེ་ངོ་རེའི་ལག་ཏུ་སློབ་སྦྱོང་ཀློག་དེབ་སྤྲད་པ་རེད། དེ་དང་ཆབས་ཅིག“འབྲེལ་གཏུག་བཞི་དང་འགན་ལེན་བཞིའི”སྒྲོག་འགྲེལ་བས་སྒྲོག་འགྲེལ་གྱི་འབྲེལ་ཡོད་ནང་དོན་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་བསམ་བློའི“རྒྱགས་ཕྱེ”བྱིན་ནས་ཏང་གི་གསུང་སྒྲ་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་པ་རེད།

    སྒྲོག་འགྲེལ་བྱ་ཡུལ་དུ་སྒྲོག་འགྲེལ་བས་གོ་བདེ་ཤེས་སླའི་སྐད་ཆ་ནས་ཀློག་དེབ་ཀྱི་ནང་དོན“སྒྲོག་འགྲེལ་དང་དྲི་བར་ལན་འདེབས”པའི་རྣམ་པར་བརྟེན་ནས་མང་ཚོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་སྔར་བས་ཟུག་པ་མ་ཟད། སྒྲོག་འགྲེལ་བྱེད་སྒོ་ལ་ཡང་མང་ཚོགས་ཀྱིས་དགའ་བསུ་དཔག་མེད་ཞུས་པ་རེད།

    གོ་བདེ་བརྗོད་དོན་ཟབ། རྣམ་པ་ཕུན་སུམ་ཚོགས།

    ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་སྡེ་ཁུལ་གྱི་སྒོ་རའི་ནང་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དང་། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་འདེགས་ཞུ་བ། རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང·དུས་རབས་གསར་པར་འབད་པས་སྐྱོད་པའི་བཀའ་དྲིན་ཚོར”བའི་2023ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཏང་གི་སློབ་གྲྭའི་དགེ་རྒན་གདན་དྲངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། སྒྲོག་འགྲེལ་བས་གོ་བདེ་ཤེས་སླའི་སྐད་ཆ་དང་མངོན་སུམ་གྱི་དཔེ་མཚོན་དྲངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་དང་། གྲུབ་འབྲས་གཙོ་བོ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སོགས་ཀྱི་ཐད་དབྱེ་ཞིབ་ཞིབ་ཚགས་དང་རྒྱས་བཤད་ལྷུག་པོ་བྱས་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏུའུ་ཅུན་དབྱིས“ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི‘ཞིང་གསུམ’ལས་དོན་དང་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྱབ་གདལ་དང་། ཤེས་དཔལ་གྱི་སྲོལ་གསར་གསོ་འཁྱོངས། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཤུགས་ཆེན་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་བཏང་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།