དབུ་ཤོག>ཆེད་སྒྲིག
  • ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2023-04-14

    དགོངས་པའི་ཟིལ་ཤུགས་རྟོགས་པར་གྱིས། འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ། རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུར། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་ལེན་བསྟར་བ། རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་དང་གཅིག་གྱུར། བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ། བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་བཅས་བྱེད་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དགོངས་པར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་དང་། སྙིང་སྟོབས། བྱ་སྤྱོད་བཅས་གཅིག་གྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་བསམ་བློའི་ཐད་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བསམ་འཕེལ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ།བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་རྒྱག་པ་བཅས་ལ་ཁྲིད་སྟོན་བྱས་ནས། ཏང་འདི་ཉིད་གཞན་གྱིས་རྒོལ་བར་མི་ནུས་པའི་ངར་ལྕགས་མཁྲེགས་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ལྟེ་བའི་ལས་འགན་ལ་དམིགས་པ་དང་འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་བརྒྱབ་སྟེ། “དོན་ཆེན་བཞི”ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཁྲིད་སྟོན་གྱིས་དགོངས་པ་སློབ་སྦྱོང་དང་བྱ་སྤྱོད་སྤེལ་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་སྟོན་ཕྱོགས་སུ་འཛིན་པ། གྲུབ་འབྲས་སྟོན་ཕྱོགས་སུ་འཛིན་པ་བཅས་མཐའ་འཁྱོངས་བྱེད་པ། དངོས་འཛིན་དངོས་སྒྲུབ་ཀྱི་ངར་ཤུགས་དང་། རྩེ་གྲ་གཏོད་ཕོད་པའི་རྩོལ་ཤུགས། རྒྱུན་སྲིང་ལྷོད་མེད་ཀྱི་མཉེན་ཤུགས་བཅས་ལ་བརྟེན་ནས་གཅིག་གྱུར་འཆར་འགོད་དང་། ཕྱོགས་ཡོངས་ལ་ལྟ་རྟོག རྩ་ལག་མཉམ་བཅོས་བཅས་བྱེད་པ། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ། མཐའ་སྟོབས་མཐའ་བརྟན། ཏང་འཛུགས་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བཅས་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ནང་འདུས་པའི་བདེན་དོན་གྱི་ཟིལ་ཤུགས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པའི་ནང་གནས་ཀྱི་བླང་བྱ་ལག་ལེན་བསྟར་བ་ཞིག་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར། དམངས་ལ་བྱ་བ་དངོས་བསྒྲུབ་རྒྱུ་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམིགས་ཡུལ་གྱི་འདུ་ཤེས་བློ་ལ་བརྟན་པོར་ངེས་པ་དང་། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་བསྟར་བ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བཅས་བྱེད་པར་སློབ་གསོ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱེད་དགོས་ལ། དེ་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་འདང་བའི་ཆ་དང་ཧེ་བག་འཚོལ་བ། ཁ་ཕྱོགས་གསལ་པོ་རྟོགས་པ་དང་། ཆབ་སྲིད་ཀྱི་བརྟག་དཔྱད་དང་ལེན་བྱེད་པ། ཆབ་སྲིད་ཀྱི་བཙོག་ཟིང་གཙང་སེལ་བྱེད་པ། བྱ་སྤྱོད་ཀྱི་ནོར་འཛོལ་ཡོ་བསྲང་བྱེད་པ། བསམ་བློ་དང་རྩ་འཛུགས་དྭངས་གཙང་མིན་པ་སོགས་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས།

    དར་ཆས་ཁ་ཕྱོགས་གསལ་པོ་སྟོན། དགོངས་པས་མ་འོངས་ཕྱོགས་སུ་འདྲེན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། ལས་སྒྲུབ་ལས་གཏོད་ཀྱི་ཟུངས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་འབད་འབུངས་ཀྱི་ཉམས་འགྱུར་ལ་བརྟེན་ནས་རྒྱང་ལམ་གསར་པར་འབད་འཐབ་དང་དུས་རབས་གསར་པར་བྱས་རྗེས་བཞག་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།