དབུ་ཤོག>ཆེད་སྒྲིག
  • ཉིང་ཁྲི་གྲོང་ཁྱེར་གྱིས་གནད་སྨིན་ཤུགས་འདོན་བྱས་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-13

    ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐད་གྲགས་ཆོད་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས། ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་དེ་འཛད་སྤྱོད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་བཏང་ནས་ཉིང་ཁྲིའི་ཡུལ་སྐོར་འཛད་སྤྱོད་ལ་སྤུས་ཚད་སྔར་བས་ལེགས་པ་དང་། སྔར་བས་དྲང་གཞག སྔར་བས་བདེ་འཇགས་བཅས་ཡོང་བར་བྱེད་ཆེད། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྤྱི་བདེ་དང་ཡུལ་སྐོར་འཕེལ་རྒྱས་སོགས་སྡེ་ཚན་དང་མཉམ་དུ་ཉིང་ཁྲི་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་དྲ་ཐོག་དང་དྲ་ཕྱི་ནས་དུས་མཚུངས་སུ་ལྟ་འདོམས་ཀྱིས་རྫུན་བཟོ་རྫུན་ཚོང་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཉིང་ཁྲིའི“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་བསྐྱོད་པར་རམ་འདེགས་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས《ལས་ཀའི་ཇུས་གཞི》བཀྲམ་པ་དང་ཆེད་དོན་ཚོགས་ཆུང་4བཙུགས་ཏེ་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་ལྟ་འདོམས་ཀྱི་གཙོ་གནད་གསལ་བ་དང་། ལྟ་འདོམས་ཀྱི་བྱ་ཐབས་ཞིབ་ཕྲ། ལྟ་འདོམས་ཀྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་དེ་བས་ཏན་ཏིག་དང་བྱ་ཐབས་དེ་བས་ནུས་ལྡན་གྱི་ཐོག་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་དང་། LEDབརྙན་ཤེལ་དང་སྐད་འཕྲིན་སྤྱི་རྟགས་སོགས་ལ་བརྟེན་ནས་འཛད་སྤྱོད་ཀྱི་དྲན་སྐུལ་བསླབ་འདོམས་བྱས་པ་དང་། ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཐེངས་གྲངས་མང་བ་བཅས་ཀྱི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ལག་བསྟར་བྱས་ནས་གཉེར་སྐྱོང་མཁན་ལ་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་དང་འཛད་སྤྱོད་པས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པ་དང་འཛད་སྤྱོད་ཉེན་ཁ་འགོག་ཟོན་བྱེད་རྒྱུའི་ཁྲིད་སྟོན་བྱས་ཡོད།

    ལྟ་འདོམས་ཀྱི་མཉམ་ཤུགས་ཤིག་སྔར་བས་ཆགས་པར་བྱེད་ཆེད། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རང་འགུལ་ངང་ཡུལ་སྐོར་དང་འཕེལ་སྒྱུར་སོགས་སྡེ་ཚན་དང་མཉམ་དུ་མགྲོན་ཁང་དང་། ཚོང་ཁང་། ཁྱིམ་ཚང་མགྲོན་ཁང་། བཟའ་བཏུང་། ཡུལ་སྐོར་དང་འབྲེལ་ཡོད་གཉེར་སྐྱོང་བྱ་ཡུལ་བཅས་ལ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བའི”བྱ་སྤྱོད་སྤེལ་ནས་མཛེས་ལྗོངས་ཁུལ་དང་། མགྲོན་ཁང་། གསོལ་མགྲོན་ཁང་། “ཞིང་ཁྱིམ་སྤྲོ་སྐྱིད་ཁང”སོགས་ཡུལ་སྐོར་ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་སྒྲིག་ལམ་ཕྱོགས་ཡོངས་ནས་ཚད་ལྡན་བཟོས་ཏེ་ཁམ་བུའི་མེ་ཏོག་དུས་ཆེན་ལ་ཁ་གཡར་ནས་རིན་གོང་ཧམ་སྤོར་དང་། རྫུས་མ་དང་ཁྲིམས་འགལ་གྱི་བརྡ་ཁྱབ་ཁྱབ་བསྒྲགས་བྱེད་པ་སོགས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། ཁྲིམས་གཅོད་འབྲེལ་མཐུད་ལམ་སྲོལ་འཛུགས་ཤུགས་ཆེ་རུ་བཏང་ནས་བཙན་ཤེད་ངང་ཉོ་ཚོང་དང་། ཁ་བསླུས་རྒྱག་པ། བསྙད་འདོགས་རྒྱུ་འཕྲོག ནག་གཤེད་དང་འབྲེལ་བ་སོགས་ཉེས་གསོག་དོགས་ཅན་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱེད་པར་རྩིས་སྤྲད་པ་དང་ཆབས་ཅིག ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་ཀྱིས་ཆུ་ཚོད་24ལས་རེས་བྱས་ནས་དྲ་ཐོག་དང་དྲ་ཕྱི་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་གིས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།