ཟླ་4ཚེས་11ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ནས། རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཆུ་ཚོད་15དང་སྐར་མ་30ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བའི་སྒྲའི་ཁྲོད་དུ་ཚོགས་འདུ་དངོས་སུ་འགོ་ཚུགས་པ་རེད།
ཚོགས་འདུར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བོད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཡག་པོ་སྤེལ་བའི་གལ་ཆེའི་རང་བཞིན་དང་། དགོས་ངེས་ཀྱི་རང་བཞིན། དགོས་གཏུག་གི་རང་བཞིན་བཅས་ལ་རྒྱས་བཤད་གཏིང་ཟབ་བྱས་པ་དང་། སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གཙོ་གནད་བྱེད་ཐབས། ལས་ཀའི་འགན་འཁྲི་བཅས་ཁ་གསལ་བཟོས་པ་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ཏེ། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་གྱི་བྱ་སྤྱོད་ཀྱི་རང་རྟོགས་དང་ཏང་ནན་པོས་སྐྱོང་བ་དང་རང་ངོས་གསར་བརྗེའི་ལོ་རྒྱུས་ཀྱི་རང་རྟོགས་གང་ལེགས་མངོན་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཐན་ཉི་ཡས། གོམ་སྟབས་རྗེས་མར་ང་ཚོས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་དངོས་འབྲེལ་བྱས་ནས། དུས་རབས་གསར་པའི་བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་རྣམ་པ་གསར་པ་མངོན་པ་དང་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད།
རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའི་ཅུན་གྱིས། དངུལ་རྩའི་ལས་ཁུངས་ཀྱི་ངོས་ནས། དུས་གང་ཞིག་ཡིན་རུང་ཏང་གིས་དངུལ་རྩའི་ལས་ཁུངས་ལ་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། དུས་གང་ཞིག་ཡིན་རུང་ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་འདོད་བློས་འདོད་བློ་བྱེད་པ། ཏང་གི་ཁ་ཕྱོགས་ཀྱིས་ཁ་ཕྱོགས་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དེ་བས་ཡག་པ་བྱེད་དགོས། ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་དངུལ་རྩའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
“རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་བླང་བྱ་དང་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུ་ཟུང་འབྲེལ་གང་ལེགས་བྱས་ཏེ་བརྟག་ཞིབ་གཏིང་ཟབ་དང་། གཞི་རྟེན་གསར་གཏོད། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་འཕྲིན་ལས་ཉི་མས་བརྗོད་པ་དང་། ཁོང་གིས“ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་བརྒྱུད། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རྒྱ་ཆེ་རུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་འབྲས་ཐོན་པར་བྱས་ཏེ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན”ཞེས་བརྗོད།
ཚོགས་ར་ནས་ཐོན་སྐབས་ཚང་མའི་ཕྲག་ཐོག་ཏུ་འགན་འཁྲི་དང་སྤོབས་སེམས་ཀྱིས་ཁེངས་ཤིང་། ཚང་མས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་ནི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཆེན་པོ་དང་། བསམ་བློའི་དྲག་ཆས་ཆེན་པོ། ལག་ལེན་གྱི་ཞིབ་བཤེར་ཆེན་པོ་བཅས་ཡིན་པས། ཐོག་མར་རྣམ་འགྱུར་ལ་ལྟ་བ་དང་། འགག་རྩ་བྱ་སྤྱོད་ལ་ལྟ་བ། མཐར་ཕན་འབྲས་ལ་ལྟ་བ་བཅས་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས། མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་ལས་སྒྲུབ་ལས་གཏོད་ཀྱི་བློ་སྟོབས་འཕེལ་བར་བྱས་ཏེ་སྔར་བས་དཔའ་ངར་ཆེན་པོས་ཡར་རྒྱས་བརྩོན་ལེན་གྱི་འབད་འཐབ་ཉམས་འགྱུར་ལ་བརྟེན་ནས་རྒྱང་ལམ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་བཞག་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་གྱི་ཡིན་ཞེས་མགྲིན་ཏུ་བརྗོད།