དབུ་ཤོག>ཆེད་སྒྲིག
  • གོ་སྐབས་དམ་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-11

    “ངས་ད་ལྟ་ལྷ་ས་གྲོང་ཁྱེར་གྱི་2023ལོའི་གཙོ་གནད་རྣམ་གྲངས་ལས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱེད་རྒྱུ་ཡིན”ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་རྣམ་གྲངས་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོའི་ཐོག་བཀའ་རྒྱ་བཏང་བ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་རྣམ་གྲངས་454དངོས་སུ་འཛུགས་སྐྲུན་དང་མྱུར་ཚད་བརྩོན་ལེན་བྱེད་པའི་དུས་སྐབས་སུ་དངོས་སུ་སླེབས་པ་རེད།

    ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་དོན། རྣམ་གྲངས་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་གཉེར་བའི་དམིགས་ཡུལ་ནི་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྷ་ས་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་དང་། འཕར་སྣོན་བརྟན་པོ་དང་། དམངས་འཚོར་ཕན་འདོགས་པ། གྲུབ་ཆ་ལེགས་སྒྲིག་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས། “མ་འཇོག་དོན་འཁྱོལ་ལོའི”དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བཅས་བྱས་ནས་དཔལ་འབྱོར་གྱི་དམིགས་ཚད་དུས་ཚིགས་དང་པོར་འབད་བརྩོན་ཆེན་པོས“འགོ་ཡག་པོ་འཛུགས་ཐུབ་པ”བྱེད་རྒྱུ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་རྣམ་གྲངས་ཁག་889(དེའི་ནང་གཙོ་གནད་རྣམ་གྲངས་ཁག་93ཚུད་པ)ལག་བསྟར་བྱ་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1619གཏོང་རྒྱུ་ཡིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། དུས་ཚིགས་དང་པོར་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་དུ་ཚུགས་ཚད་51%ཟིན་པ་དང་། སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་30ཡན་གཏོང་རྒྱུ་ཡིན་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་སྔོན་ལ་རྣམ་གྲངས་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་བཏང་བ་དེ་ནི་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་མ་འཇོག སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བསྡོམས་འབོར་སོགས་དཔལ་འབྱོར་དམིགས་ཚད་གཙོ་བོ་2022ལོའི་དུས་མཚུངས་ལས་ལེགས་པ་ཡོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི‘གྲས་རིམ་དང་པོའི’ཁོངས་སུ་ཚུད་པའི”ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་རེད།

    ལྷ་སའི་རྗེས་སུ་ཉིང་ཁྲི་དང་། ལྷོ་ཁ། གཞིས་རྩེ་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་སྐྲུན་འགོ་ཚུགས་ཤིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་གངས་ལྗོངས་ས་མཐོར་དཔྱིད་ཀྱི་རྣམ་པ་ཟབ་མོ་མངོན་པ་དང་འདྲ་བར། “འགོ་ཡག་པོ་འཛུགས་པ”དང་། “གོམ་པ་བརྟན་པོ་སྤོ་བ” “གོ་སྐབས་ལ་དམ་འཛིན་ནན་པོ་བྱེད་པ”བཅས་བརྒྱུད་ས་མཐོའི་ས་གཞི་ཆེན་པོའི་ཕྱོགས་གང་སར་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད། དམངས་འཚོའི་རྣམ་གྲངས་རེ་རེ་བཞིན་ལས་འགོ་ཚུགས་པ་དང་། གསར་གཏོད་ཐོན་ལས་རེ་རེ་བཞིན་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་བྱ་ཐབས་རེ་རེ་ལག་ལེན་སྟར་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་སྟར་འགོ་ཚུགས་པའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོ་ཡང་རེད། སྤྱི་ཡོངས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། “ལས་གྲྭ་ཆེན་པོ་བཞི”ལག་བསྟར། “གསོན་ཤུགས་གསུམ”སྤེལ་བ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། “བྱ་སྤྱོད་བཞི”སྤེལ་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྲུང་ཡོལ་བརྟན་དུ་གཏོང་བ་སོགས་ཕྱོགས་ཆེན་པོ་བདུན་གྱི་གཙོ་གནད་ལས་འགན་ཁག་30ཁ་གསལ་བཟོས་ནས་གནས་རྒྱུད་ཁྱོན་གསུམ་ལ་མཉམ་དུ་ཤུགས་རྒྱག་པ་དང་། སྤུས་འབོར་འབྲས་གསུམ་དུས་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཡོད་པ་རེད།

    ཕན་ནུས་ལྡན་པའི་མ་དངུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་གང་ལེགས་འདོན་ཆེད། རང་སྐྱོང་ལྗོངས་ཀྱིས་2023ལོར་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་191བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་1430གཏོང་རྩིས་ཡོད་ཅིང་། གཙོ་གནད་རྣམ་གྲངས་ལ་མཉམ་དུ་ཞིབ་བཤེར་མཆན་འགོད་དང་ཆད་རུང་མཆན་འགོད་ལམ་ལུགས་འཛུགས་པ་དང་། འགོ་ཁྲིད་ཀྱི་འགན་གཙང་ལེན་དང་། ཆེད་ཚན་ཞབས་འདེགས། གསལ་ཐོ་ཅན་གྱི་བཀོད་གཏོང་སོགས་ཀྱི་སྐུལ་འདེད་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་མཉམ་སྦྲེལ་ཤར་གཏོང་དང་། ནུས་རྒྱུ་མཁོ་སྤྲོད་བདེ་འཇགས། ཆུ་བེད་འགན་ལེན་ཆེར་གཏོང་། ཆ་འཕྲིན་མཉམ་སྤྱོད་འདེགས་སྐྱོར་བཅས་ཀྱི“ལས་གྲྭ་ཆེན་པོ་བཞི”མུ་མཐུད་ལག་ལེན་བསྟར་ཡོད་པ་རེད།

    དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན་ཞིང་། ལྗོངས་ཡོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་མ་དངུལ་སྒོར་དུང་ཕྱུར་137བཀོད་སྒྲིག་བྱས་ནས་དམངས་འཚོའི་ཞབས་ཞུའི་རྣམ་གྲངས་ཁག་21ལག་ལེན་བསྟར་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་པར་བྱས་ཡོད། འཛད་སྤྱོད་སླར་གསོ་དང་རྒྱ་ཆེ་རུ་གཏོང་བར་སྤྱི་འདོམས་བྱེད་པའི་ཐད། འཛད་སྤྱོད་རྒྱ་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་ལེན་བསྟར་ཏེ་འཛད་སྤྱོད་ཀྱི་གཏིང་ཤུགས་རྒྱུན་མཐུད་མངོན་པ་རེད།

    འགོ་ཚུགས་མ་ཐག་ནས་ཐག་གཅོད་དམག་འཐབ་ཡིན་པ་དང་། གོམ་པ་སྤོས་མ་ཐག་ནས་མཐའ་མའི་གདོང་མཆོང་རེད། མིག་སྔར་རང་ལྗོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཆར་འགོད་ལ་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་དང་། གོ་སྐབས་ལ་དམ་འཛིན། ཁྱོན་ཡོངས་ལ་སྤྱི་འདོམས། སྐུལ་འདེད་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པའི་འཕེལ་རིམ་དུ་བྱས་རྗེས་གསར་པ་ཡང་བསྐྱར་འཇོག་པ་དང་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།