དབུ་ཤོག>ཆེད་སྒྲིག
  • སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་གསར་པར་བརྟེན་ནས་བྱ་གཞག་གི་རྣམ་པ་གསར་པ་མངོན་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-06

    སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ་ནས་བཟུང་། སྐྱིད་གྲོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་གཅིག་གྱུར་དང་། དངོས་སྒྲུབ་ཀྱི་བྱ་ཐབས། ཕན་འབྲས་དངོས་ཐོན་པ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”སྲུང་སྐྱོང་དང་རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པ་བྱས་ནས། “མིག་དཔེ་དྲུག”བརྩོན་ལེན་དང“འཛུགས་གཏོད་བཞིའི”སྣེ་ཁྲིད་དམག་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ལས་ཕྱོད་ཆེ་རུ་བཏང་ཐོག་སྤྱོད་ཚུལ་འཛུགས་སྐྱོང་གི“རྒྱུན་རྣམ་གསར་པར”བརྟེན་ནས་སྐྱིད་གྲོང་གི་བྱ་གཞག་ཁག་གི“རྣམ་པ་གསར་པ”མངོན་པར་བྱས་པ་རེད།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རིང་། སྐྱིད་གྲོང་རྫོང་གིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་པ་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལ་དམ་འཛིན་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཡོད། བཞུགས་མོལ་གྲོས་བསྡུར་ལ་དམ་འཛིན་ཤུགས་ཆེན་བྱས་ཤིང་། “སྤྱོད་ཚུལ་ལ་ལྟ་སྟངས་ཇི་ལྟར་འཛིན་པ་དང་ལས་ཀ་ཇི་ལྟར་སྒྲུབ་པའི”གྲོས་བསྡུར་ཆེ་མོ་སྒྲིག་འཛུགས་ནན་ཏན་བྱས་ནས་ལྷག་བསམ་ཟོལ་མེད་ངང་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱས་ཏེ། བསམ་གཞིག་དང་བསམ་བློ་གཅིག་གྱུར་ཡོང་བ་བྱས་ཐོག་གྲ་སྒྲིག་ཨང་བསར་བྱས་ཏེ་སླར་ཡང་རྡོག་ཐོན་ཐུབ་པ་བྱས་ཡོད། བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཤུགས་ཆེན་བྱས་ཤིང་། འཕེལ་རྒྱས་གཏོང་བའི་དགོས་གཏུགས་ཆེ་ཤོས་དང་། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ། ལས་བྱེད་པས་གཙོ་གནད་གནད་དོན་ལ་རེ་སྒུག་ཆེ་ཤོས་བྱེད་པ་བཅས་ལ་དམིགས་ནས་ཞིབ་འཇུག་བྱ་གཞིར་བརྟག་ཞིབ་བྱས་ཡོད། ཁྱད་ལྡན་དང་བཀྲག་མདངས་ཆེ་སར་དམ་འཛིན་ཤུགས་ཆེན་བྱས་ཤིང་། “ཏང་སྲིད་འགོ་ཁྲིད་ཀྱིས་གྲོང་ཚོར(གྲོང་ལྷན)གཞུང་དོན་སྒྲུབ་པའི”ཆེད་དོན་བྱ་སྤྱོད་འཚོལ་ཞིབ་རང་བཞིན་གྱི་སྒོ་ནས་སྤེལ་ཏེ། ཏང་སྲིད་འགོ་ཁྲིད་ཀྱི་གཞུང་དོན་ཁང་དེ་ཏང་སྲིད་ལས་ཁུངས་ནས་གྲོང་ཚོ(གྲོང་ལྷན)ལ་སྤོས་ནས་མང་ཚོགས་ལ་ཐད་ཀར་ཕྱོགས་པ་དང་། རྫོང་དང་ཤང་གི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས“གཞུང་དོན་ཁང་དུ་མང་ཚོགས་སྒུག་པ”ནས“གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་འཚོལ་བར”བསྒྱུར་བ། མང་ཚོགས་ཀྱི་ལས་དོན་དེ་མང་ཚོགས་ཀྱིས“ངོ་བཅར་ཞུ་འབུལ”བྱེད་པ་ནས་འགོ་ཁྲིད་གཤམ་དུ་བསྐྱོད་དེ“ངོ་བཅར་དང་ལེན་ཞུ་བར”བསྒྱུར་ཏེ་དམངས་ཀྱི་བསམ་འདུན་ཉན་པ་དང་། དམངས་འདུན་དང་བསྟུན་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱེད་ཀྱི་ཡོད། སྐུལ་འདེད་དང་དཔྱད་ཞིབ་ལ་དམ་འཛིན་ཤུགས་ཆེན་བྱས་ཤིང་། “ག་རེ་བྱེད་མིན་དང་། གང་གི་ཆེད་དུ་བྱེད་པ། གང་འདྲ་བྱེད་པ”བཅས་ཀྱི་གནད་དོན་ལ་དམིགས་ཏེ་རྫོང་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་དང་། དུས་ཚིགས་ཀྱི་ཟུར་བཤེར། ལོ་མཇུག་གི་དཔྱད་ཞིབ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རིམ་ཁག་སྡེ་ཚན་ཁག་གིས་གཙོ་གནད་ལས་དོན་ལ་དེ་བས་ལེགས་པའི་ངང་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་དངོས་སྒྲུབ་ལས་ཕྱོད་ཆེ་བའི་ལས་ཀའི་སྤྱོད་ཚུལ་བཙུགས་ཡོད།

    སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསོད་ཕུན་གྱིས་ངོ་སྤྲོད་བྱས་པར་གཞིཌ་ན། བྱེད་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་སྐྱིད་གྲོང་རྫོང་གི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ཕན་འབྲས་ངེས་ཅན་ཞིག་ཐོབ་པ་དེ་གཙོ་བོ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཕྱིན་པ་དང་། འཇོན་ཐང་དང་བྱང་ཚད་ལ་ཡར་རྒྱས་ཆེན་པོ་བྱུང་བ། གཙོ་གནད་ལས་དོན་ལ་ཚད་བརྒལ་ཆེན་པོ་བྱུང་བ་བཅས་ལས་མངོན་ཡོད། འོན་ཀྱང་ལས་བྱེད་པ་ཁག་གཅིག་གི་བསམ་བློའི་འཁྱེར་སོ་ཡག་པོ་མེད་པ་དང་། ལས་ཀར་སེམས་ཡག་པོ་གནས་མི་ཐུབ་པའི་གནས་ཚུལ་ཡང་ཐོན་པས། “ག་རེ་བྱེད་མིན”གསལ་པོ་མི་ཤེས་པ་དང་། “གང་གི་ཆེད་དུ་བྱེད་པའི”ཐད་ལ་ངོས་འཛིན་གསལ་པོ་མེད་པ། “གང་འདྲ་བྱེད་པའི”ཐད་ལ་བསམ་གཞིག་གཏིང་ཟབ་མ་བྱས་པ། ད་དུང་དུས་བབ་གསར་པ་དང་། ལས་འགན་གསར་པ། དམིགས་ཚད་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་གྱི་མེད།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་བསོད་ཕུན་གྱིས་བརྗོད་དོན། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”སྲུང་སྐྱོང་དང་རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པ་མཐའ་གཅིག་ཏུ་བྱས་ནས་དེ་བས་གནད་ལ་འཁེལ་བའི་གནོན་ཤུགས་དང་། དེ་བས་ཉམས་སད་ཐེག་པའི་བྱེད་ཐབས། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ཞིབ་ཕྲའི་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་། གཉིས་ནས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་དགོས་ཤིང་། སྤྱོད་ཚུལ་ལ་ཞིབ་བཤེར་དང་ཐོག་མའི་བསམ་འདུན་དྲིས་ནས་དམིགས་ཡུལ་གྱི་འདུ་ཤེས་དང་། རང་འགན་གཙང་སྒྲུབ། འཇུར་མིག་ཚོད་འཛིན། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པ། གསུམ་ནས་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་། བློ་ཁོག་ཆེན་པོས་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱིས་བརྩི་བཀུར་བྱེད་མིན་དང་། བསྔགས་བརྗོད་བྱེད་མིན། དགའ་པོ་ཡོད་མིན། ཁས་ལེན་མིན་བཅས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱས་པ་ལས་བྱུང་བའི་རྣམ་པ་གསར་པ་དངོས་སུ་ཚོར་དུ་འཇུག་དགོས་པ། བཞི་ནས་དམིགས་ཚད་ལས་འགན་ལ་དམིགས་དགོས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་གཞིས་རྩེ་གྲོང་ཨུད་ཀྱིས་སྐྱིད་གྲོང་ལ་དམིགས་ནས་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་དང་། སྐྱིད་གྲོང་རྫོང་གིས་དམིགས་ཚད་གཏན་འཁེལ་བྱེད་རྒྱུ་ལྷོད་གཡེང་མི་གཏོང་བར་དེ་བས་དཔའ་ངར་ཆེར་སྐྱེད་དང་དེ་བས་སྙིང་སྟོབས་རབ་འཕེལ། དེ་བས་དངོས་སྒྲུབ་དང་དེ་བས་གཟབ་ནན་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་དེ་བས་སྤུས་ལེགས་དང་། དེ་བས་ཆུ་ཚད་མཐོ་བ། དེ་བས་གསོན་ཤུགས་ལྡན་པ། དེ་བ་བརྩེ་བ་ཆེ་བ། དེ་བས་རྒྱུན་མཐུད་བཅས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་རྣམ་པ་གསར་པ་བཏོད་དེ་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྐྱིད་གྲོང་གསར་པ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།