དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཡར་ལངས་ཞིང་བྲན་གྱི་དུས་ཆེན་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-31

    c3b5a4cc-8bd1-41c8-b6d8-61a065a3fca4.jpg.jpg

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཡར་ལངས་ཞིང་བྲན་གྱི་དུས་ཆེན་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་སོགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། གླུ་དབྱངས་སྙན་མོ་དང་འཁྲུག་ཆ་དོད་པའི་ཞབས་བྲོའི་སྟངས་སྟབས་ལ་གཟིགས་མོ་བ་ཚོས་དགའ་བསུ་ཡང་ཡང་ཞུས། འཁྲབ་སྟོན་བལྟས་རྗེས་མང་ཚོགས་ཡེ་ཤེས་བསྟན་འཛིན་གྱིས“ལོ་64ཡི་རིང་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ནས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་གི་འདུག་པས། ཚང་མས་སེམས་གཏིང་ནས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དྲན་བཞིན་ཡོད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    18e67482-78ae-4c61-9bcb-4a0def61207d.jpg.jpg

    ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

    02c77012-5a41-430a-8d1e-74723dcce184.jpg.jpg

    སྡེ་ཁུལ་གྱི་མང་ཚོགས་ཀྱིས་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།

    a20ff5b7-0816-4eab-97ad-c3274b9f1338.jpg.jpg

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཕུ་མདོ་ཤང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

    6dea2664-14a7-4f81-a9a6-e04c4c9a9ad8.jpg.jpg

    ནག་ཆུ་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།