དབུ་ཤོག>ཆེད་སྒྲིག
  • དབང་ཧའེ་ཀྲོའུ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་བཤམས་འགྲེམས་ཁང་ལ་བསྒྱུར་བའི་མཛད་སྒོར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-31

    ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་དུ་ཕེབས་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་བཤམས་འགྲེམས་ཁང་ལ་བསྒྱུར་བའི་མཛད་སྒོ་དང“3·28”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    དབང་ཧའེ་ཀྲོའུ་ཡིས། ཁེ་གསུམ་བཤམས་སྟོན་ཁང་གིས་ལྗོངས་ཡོངས་སུ་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། བོད་གསར་རྙིང་བསྡུར་བ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བར་གཡུལ་ས་གསར་པ་དང་ནང་དོན་གསར་པ་བསྣན་ཡོད་པས་བཤམས་སྟོན་ཁང་གིས་ལོ་རྒྱུས་ལ་བརྟེན་ནས་དེང་ལ་དཔྱད་པ་དང་ལོ་རྒྱུས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་ཏང་གཤིས་སློབ་གསོ་དང་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་སློབ་མའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་སློབ་ཁང་གལ་ཆེན་དུ་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཡུལ་དུ་འགྱུར་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་གསར་བརྗེའི་རིག་གནས་ཡུལ་སྐོར་བྱ་ཡུལ་དུ་གཏོད་དགོས། ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་དང་། སློབ་གསོའི་རྣམ་པ་གསར་གཏོད། དྲ་རྒྱ་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱད་དེ་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་ཟུང་འབྲེལ་གྱིས་ཁེ་གསུམ་སྡེ་ཁུལ་གྱི་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་ཡག་པོ་ཤོད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་དང་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་གསར་བརྗེའི་སྙིང་སྟོབས་དང་སྲོལ་རྒྱུན་བཟང་པོ་ལས་དེ་བས་འོད་སྟོང་འཕྲོ་བའི་དུས་རབས་ཀྱི་འོད་ཟེར་འཕྲོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།