དབུ་ཤོག>ཆེད་སྒྲིག
  • རྒན་རབས་མཆོག་ནས་འདས་པའི་ལོ་རྒྱུས་གླེང་།གསར་བུའི་ཚོགས་ཀྱི་རྒྱལ་གཅེས་འདུ་ཤེས་འཕེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཙཱ་རི་བ་ཀར་ཆུང་།   |     སྤེལ་དུས།  2023-03-30

    ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་64འཁོར་བར་དྲན་གསོ་ཞུ་ཕྱིར།ཟླ་3ཚེས་28ཉིན་དེ་སྔའི་སྨན་སྤྱི་བགྲེས་སྲོང་སྐལ་བཟང་ཕུན་ཚོགས་མཆོག་དང་སྨན་སྤྱི་སྐུ་གཞོན་བྱམས་པ་བསྟན་འཛིན་མཆོག་གཉིས་གདན་ཞུས་ཀྱིས་སྨན་ཁང་ཁྱོན་ཡོངས་ཀྱི་སྨན་དོན་མི་སྣའི་ཚོགས་ལ་སྤྱི་ཚོགས་གསར་རྙིང་གི་འཚོ་བའི་གནས་བབ་བསྡུར་བ་བྱེད་པའི་རྣམ་པའི་ཐོག་ནས་ལྗོངས་གསར་པའི་སྐྱིད་འཚོ་བ་ཁྱད་དུ་མངོན་པའི་འཆད་ཁྲིད་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད།།

    ཐེངས་འདིའི་འཆད་ཁྲིད་ཐོག་དགུང་ལོ་བརྒྱད་ཅུ་ལྷག་ཙམ་སོན་པའི་སྨན་སྤྱི་ཟུང་གིས་བོད་ཀྱི་གདོད་མའི་ལོ་རྒྱུས་ནས་འགོ་བཙུགས་ཏེ་བོད་ཞི་བའི་བཅིངས་འགྲོལ་མ་ཐོབ་བར་གྱི་སྤྱི་ཚོགས་འཕེལ་རིམ་དང་།  བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་རྙིང་པའི་ནང་བོད་མི་དམངས་ཀྱི་འཚོ་བ་དང་།  རིག་གནས།  དཔལ་འབྱོར།  སྤྱི་ཚོགས་ཀྱི་གནས་བབ་སོགས་ཞིབ་ཅིང་ཕྲ་བ་ངོ་སྤྲོད་གནང་བ་དང་།ཞིང་བྲན་ཁྲི་ཚོ་བརྒྱ་ཡི་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་སོགས་དཔེ་དོན་ཟུང་འབྲེལ་གྱི་ཐོག་ནས་རྒྱས་བཤད་གནང་བ་རེད།།   

    ཐེངས་འདིའི“3·28”དྲན་གསོའི་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་ལས་གསར་སྐྱེས་གཞོན་ནུའི་ཚོགས་ཀྱིས་ཆེས་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་རྙིང་པའི་འཚོ་བའི་གནས་སྟངས་དང་གདུག་རྩུབ་ཀྱི་གཏིང་ཚད་གསལ་པོར་རྟོགས་ཐུབ་པ་བྱུང་ཡོད་ལ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འདི་ཉིད་དེ་བས་མེད་པའི་གནས་ལུགས་གསལ་པོར་རྟོགས་ཐུབ་པ་བྱུང་བ་རེད།

    微信图片_20230330111753.jpg

    འདི་ནི་ལྷོ་ཁ་སྨན་རྩིས་ཁང་གི་དེ་སྔའི་སྨན་སྤྱི་བགྲེས་སྲོང་སྐལ་བཟང་ཕུན་ཚོགས་དང་སྨན་སྤྱི་གཞོན་པ་བྱམས་པ་བསྟན་འཛིན་ཟུང་གིས་སྨན་ཁང་ལས་བཟོ་ཡོངས་ལ་སྤྱི་ཚོགས་གསར་རྙིང་བསྡུར་བའི་འཆད་ཁྲིད་བྱེད་པའི་གནས་ཚུལ་ཡིན་པ།

    微信图片_20230330111812.jpg

    འདི་ནི་སྨན་ཁང་ལས་བཟོ་ཡོངས་ཀྱིས་སྤྱི་ཚོགས་གསར་རྙིང་བསྡུར་བའི་སྐོར་གྱི་འཆད་ཁྲིད་ཉན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།