ཟླ་3ཚེས་28ཉིན་གྱི་སྔ་དྲོར། ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་64འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།
སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ། རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་ལག་ཏུ་མེ་མདའ་ཁྱེར་བ་དང་ཆབས་ཅིག གོམ་སྟབས་བརྟན་པོར་སྤོས་ཏེ། སྐར་ལྔའི་དར་དམར་སྲུང་གིན་རྒྱལ་དར་སྒྲེང་སྟེགས་ཕྱོགས་སུ་སྐྱོད། ས་གནས་ས་ཐོག་ཏུ《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》གྲགས་པ་དང་བརྗིད་ཉམས་ལྡན་པའི་འགྱུར་ཁུག་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་སྒྲེང་ཞིང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཛད་སྒོར་ཞུགས་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་མཉམ་དུ་རྔམ་བརྗིད་ལྡན་པའི་རྒྱལ་གླུ་བླངས་པ་མ་ཟད། མི་སྣ་ཡོངས་ཀྱིས་རྒྱལ་དར་ལ་ཕྱོགས་ཏེ་མིག་འདུད་ཞུས་ནས། བོད་ཀྱི་མི་དམངས་ཀྱི་དུས་ཆེན་དེར་དྲན་གསོ་ཞུས་པ་རེད།